1045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུང་རྟ་ (1)
Part of speech མིང་ཚིག
Definition སྟོབས་འབྱོར་དང་། མངའ་ཐང་། སྙན་གྲགས་སོགས་རྒྱས་བྱེད་ཀྱི་ནུས་པ་ཁྱད་པར་བ་ཞིག་ལ་ཀླུང་རྟའམ་ཀློང་རྟ་ཟེར། དེའི་མཚོན་དོན་ལ་རྟ་མཆོག་གི་མཐའ་ན་སྟག་སེང་ཁྱུང་འབྲུག་ཡོད་པའི་གཟུགས་རིས་འབྲི་དཔར་བྱེད་ཀྱི་ཡོད་ལ། རྟ་ཡིས་ལེགས་པར་འགྲོ་བ་མཚོན་ཞིང། སྟག་སེང་ཁྱུང་འབྲུག་བཞི་ཡིས་སྟོབས་ཤུགས་དང་ནུས་པ་མཚོན་པ་ཡིན་ཏེ། རྟ་ཞེས་པ་ནི་ཅང་ཤེས་མགྱོགས་འགྲོའི་མིང་སྟེ་ལེགས་པར་འགྲོ་བའམ་མྱུར་བར་འགྲོ་བ་མཚོན་པ་དང། དེ་ཡང་མཐའ་ན་ཡོད་པའི་སྟག་སེང་ཁྱུང་འབྲུག་དང་བཅས་པའི་མཚོན་དོན་ནི། སྟག་ནགས་སུ་གནས་པས་ཤིང་ཁམས་སམ་རླུང་གི་ཁམས་དང། སེང་གེ་གངས་རིར་གནས་པས་སའི་ཁམས། བྱ་ཁྱུང་བར་སྣང་དུ་གནས་ཤིང་རྭ་ལས་མེ་འབར་བས་མེ་ཡི་ཁམས། འབྲུག་རྒྱ་མཚོར་གནས་པས་ཆུའི་ཁམས། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་བཅས་མཚོན་པ་ཡིན། ཡང་འགའ་རེས་སྟག་སེང་ཁྱུང་འབྲུག་གིས་མི་འཇིག་པ་སྟེ་རྣམ་པར་རྒྱལ་བ་མཚོན་པ་ཡིན་ཞེས་ཀྱང་བཤད་སྲོལ་ཡོད།
Keyword True

{{#arraymap:ཀླུང་རྟ་

|; |@@@ | | }}