105091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་མཆོག་སྐུ་ཕྲེང་གཉིས་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་ནི་མཁན་ཆེན་ངག་དབང་གྲགས་པའི་དཔོན་རྒྱུད་རྒྱལ་རོང་ཅོག་ཙེའི་བློན་པོ་ང་རོ་སྟག་འབུམ་དང་། ཡུམ་ནམ་མཁའ་ལྕམ་པོའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ས་ལུག་ཕྱི་ལོ་༡༧༩༩ ལོར་འཁྲུངས། ལྕགས་བྱ་ལོའི་དགུན་ཁར་གུང་ཐང་བསྟན་པའི་སྒྲོན་མེ་ཚ་ཁོ་ད་ཚང་དགོན་པར་བཞུགས་སྐབས་རྗེ་དེ་ཉིད་ཀྱི་དྲུང་ནས་དགེ་བསྙེན་བསྒྲུབས། སྐུ་གོང་མའི་ཁུ་བོ་རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོས་ཁུར་བླངས་ཏེ་ཆུ་ཁྱི་ལོར་དཀར་ཆེན་དགོན་དུ་གདན་སར་བཀོད། དགུང་ལོ་དྲུག་བདུན་ནས་ཝ་སྔགས་པ་བློ་བཟང་ཡོན་ཏན་ལས་དབང་སོགས་གསན། བློ་གླིང་ཡེ་ཤེས་ཡར་འཕེལ་ལས་ཀློག་དང་དགའ་ལྡན་ཤར་རྩེའི་མཁན་པོ་བློ་བཟང་ཆོས་གྲགས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་གསུམ་པར་དབུས་སུ་བྱོན། དགའ་ལྡན་ཤར་རྩེར་ཞུགས། གསང་ཕུའི་དབྱར་ཆོས་སྐབས་བཀའ་བཅུའི་མཚན་རྟགས་བཞེས། མེ་བྱིའི་དབྱར་གནས་སྐབས་ཏྲེ་ཧོར་ཆོས་མཛད་དང་དྲང་ངེས་རྣམ་འབྱེད་ཀྱི་ཚོགས་གླེང་མཛད། བཀྲ་ཤིས་ལྷུན་པོར་གནས་མཇལ་དུ་ཕེབས་ནས་པཎ་ཆེན་རིན་པོ་ཆེར་མཇལ་ཏེ་རང་ཡུལ་དུ་བྱོན། མཚམས་ཚ་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོའི་དྲུང་ནས་སྙན་ངག་སྦྱངས། བཀྲ་ཤིས་འཁྱིལ་དུ་ལན་དུ་མ་བྱོན། དགེ་བཤེས་དཀོན་མཆོག་དར་རྒྱས་ལས་བསྡུས་གྲྭ་དང་། གུང་ཐང་འཇམ་པའི་དབྱངས་དང་། སྡེ་ཁྲི་རིན་པོ་ཆེ། དབལ་མང་དཀོན་མཆོག་རྒྱལ་མཚན། བསོད་གྲགས་སྤྲུལ་སྐུ་སོགས་ལས་བཀའ་ཆོས་མང་པོ་གསན། དགུང་ལོ་ཉེར་གཉིས་པར་གུང་ཐང་བསྟན་པའི་སྒྲོན་མེ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་ལྔ་པར་དཔལ་ལྡན་སྨྲ་བའི་སངྒེ་གླིང་ཕྱག་འདེབས་མཛད།

{{#arraymap:ཨ་མཆོག་སྐུ་ཕྲེང་གཉིས་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན་

|; |@@@ | | }}