105094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་མཆོག་སྐུ་ཕྲེང་བཞི་པ་རྗེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་སྟེ་ཕྱི་ལོ་ ༡༩༤༥ ལོའི་ཟླ་ ༡ ཚེས་ ༨ ཉིན་མདོ་སྨད་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས་ཤིང་མཚན་ལ་ཚེ་རིང་དོན་གྲུབ་ཅེས་བཏགས། དགུང་ལོ་གསུམ་གྱི་ཐོག་པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཨ་མཆོག་སྐུ་གོང་མ་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་ཞེས་སྩལ། དགུང་ལོ་ལྔའི་སྟེང་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་བའི་སེང་གེའི་གླིང་དུ་ཁྲི་འདོན་མངའ་གསོལ་མཛད་ཅིང་རྒྱ་ནག་མཁན་པོ་སྒང་བ་རྡོ་རྗེ་འཆང་སྐལ་བཟང་བསྟན་པ་རྒྱ་མཚོ་ལས་ཚིགས་སྔ་མ་རབ་བྱུང་གི་སྡོམ་པ་ནོད། དགུང་ལོ་བཅུ་གཉིས་སྟེང་ནས་མཚན་ཉིད་རིག་པའི་གཞུང་ཆེན་ལ་སློབ་གཉེར་གནང་མགོ་བཙུགས་ཤིང་། དྲང་ངེས་ལེགས་བཤད་སྙིང་པོ་སོགས་གཞུང་ཆེན་དུ་མ་ཐུགས་འཛིན་གྱིས་སློབ་གཉེར་དཔྱིས་ཕྱིན་མཛད། ཕྱི་ལོ་ ༡༩༥༧ ལོར་དབུས་སུ་ཕེབས་ནས། ཨ་མཆོག་སྐུ་འཕྲེང་ན་རིམ་གྱི་མཛད་པ་རྣམ་ཐར་ཇི་བཞིན་དགའ་ལྡན་ཤར་རྩེ་སོག་པ་འཇམ་དབྱངས་ཁང་ཚན་དུ་བཞུགས་ནས་གཞུང་གསར་འཛིན་གྲྭར་ཆོས་ཞུགས་གནང༌། ད་ལྟ་བསྟན་འགྲོའི་དཔལ་མགོན་དུ་སྐུ་འཚོ་ཞིང་གཞེས་པ་བཅས།

{{#arraymap:ཨ་མཆོག་སྐུ་ཕྲེང་བཞི་པ་རྗེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་

|; |@@@ | | }}