10517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡེར་མ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ནག་མཁྲེགས་ཤིང་རྩུབ་པ་སེ་བའི་དབྱིབས་འདྲ་བར་ཡལ་ག་དང་ཡལ་ཕྲན་གྱེས་པར་ཚེར་མ་རྣོན་པོ་ཡོད་ཅིང༌། རྒས་པའི་ཚེར་མ་མདོག་ཁམ་སྐྱ་རྟིང་པ་ལེབ་ཅིང་ཤིང་ལྟར་མཁྲེགས་པ། ཡལ་ཕྲན་རེ་རེའི་སྟེང་དུ་ལོ་མ་མཐུག་ལ་གྱོང་བ་ལྗང་ནག་རིམ་པ་བཞིན་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པ་ལྔ་དྲུག་ཙམ་ལོ་མའི་མཚམས་ནས་འཆར་ཞིང༌། ཟེའུ་འབྲུ་སེར་སྨུག་ཕྲ་ལ་ཅུང་ཟད་རིང་བ་གཉིས་ནས་བཞི་བར་ཡོད་པ། འབྲས་བུ་རྒྱ་ཚོས་མདོག་གམ་འགའ་ཞིག་ཁམ་སྨུག་ཕྱི་ལྤགས་འབྲུམ་ཞིབ་ཅན་གཉིས་སྦྱར་སྨིན་ནས་རིམ་བཞིན་གྱེས་ལ། ཁ་གདངས་པའི་ནང་དུ་འབྲུ་གུ་ནག་པོ་འོད་དང་ལྡན་པ་རེ་ཡོད་པ་སྟེ། སྤོ་ཡུལ་དང༌། རྫ་ཡུལ། སྐྱིད་གྲོང༌། མེ་ཏོག གློ་ཡུལ་སོགས་ཚ་བ་ཆེ་བའི་ས་ཁུལ་གྱི་ཉི་གཏད་ཆེ་སར་སྐྱེ་བའམ་འདེབས་འཛུགས་བྱེད་པ་ཡིན། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་པའམ་རྒྱུན་དུ་ཟས་ཀྱི་བྲོ་བ་བསྐྱེད་བྱེད་སྤོད་དུ་སྦྱར་བ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ཞིང་ཚ་ལ་རྣོ་བས་རྩ་ཁ་འབྱེད་པ་དང༌། ཟས་མི་འཇུ་བ། རྒྱུ་སྲིན་ནར་མོ་སོགས་ཀྱིས་ན་ཟུག་ལྡང་བ། རླུང་ནད་སྙིང་ལ་ཞུགས་པ། པགས་ནད་རིགས་ཀྱིས་ཟ་འཕྲུག་ལངས་པ། ཆང་ནད་སོགས་སེལ་བར་བྱེད་པ་ཡིན།
Synonyms ཚ་གཡེར། བྱིས་གཡེར། ཁ་གདངས། སྤོད་ཚ། གཙང་གཡེར། རྩ་འབྱེད། ཤིང་ཨ་ཙ་ར།

{{#arraymap:གཡེར་མ་

|; |@@@ | | }}