105274

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་རྡོ་དཀོན་མཆོག་རྒྱལ་མཚན་ (1)
Part of speech མིང་ཚིག
Definition བྱང་སེམས་ཆོས་རྗེ་དང་སྒྲོ་མདོག་པ་ལས་ཕྱག་རྫོགས་ཀྱི་གདམས་པ་མ་ལུས་པ་གསན། རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་འབྱུང་འགྱུར་ལུང་གིས་ཟིན་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སློབ་མ་བྱང་སེམས་ཀུན་དགའ་ཉི་མའི་མདུན་ཤངས་ཟམས་བུ་ལུང་དུ་ཕེབས། དགོངས་པ་ཟངས་ཐལ་གྱི་ཁྲིད་དང་སྨིན་བྱེད་རྫོགས་པར་གསན། གུ་རུ་རིན་པོ་ཆེའི་ཞལ་གཟིགས་ནས་རྟོགས་པ་མངོན་དུ་གྱུར། སླར་རྨུགས་སངས་དགོན་དུ་ཕེབས་ནས་སྒྲུབ་པ་ལ་བཞུགས། དྲུང་ལྷ་དབང་རྡོ་རྗེས་གདན་ས་སྐྱོང་བའི་སྐབས་ཀཿཐོག་ཏུ་བྱོན་ནས་འཆད་ཉན་མཁནཔོ་མཛད། ཀཿཐོག་བྱང་སེར་ཕུག་ཏུ་བྱ་བྲལ་བ་བྱང་ཆུབ་སེངྒེ་ལ་དགོངས་པ་ཟངས་ཐལ་གྱི་ཕྱག་དཔེ་རྣམས་ཕུལ་བས་ཐུགས་ཚོམ་ཆེན་པོ་གནང་བའི་ཚུལ་གྱིས་དཔེ་ཆ་རྣམས་སྒྲུབ་ཁང་འོག་ཏུ་འཕངས་པའི་རྗེས་རྡོ་ལ་མངོན་སུམ་མཇལ་རྒྱུ་ཡོད། སླར་དཔེ་རྣམས་ཁུར་ཤོག་གསུངས་ནས་སྨིན་གྲོལ་གསན། དབུས་གཙང་དུ་ལན་མང་དུ་བྱོན་ནས་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་ཡང་གནང༌། རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་དང་མཇལ། ཀར་གླིང་ཞི་ཁྲོའི་སྨིན་གྲོལ་རྣམས་རྫོགས་པར་གསན་ནས་ཧེ་པ་ཆོས་འབྱུང་ལ་གསུངས་པས་ཞི་ཁྲོ་ཧེ་ལུགས་ཞེས་གྲགས་པ་དེ་བྱུང༌། གཞན་ཡང་ཀརྨ་རི་ཁྲོད་དང༌། བྲག་ཁ་ཆུ་སོགས་ལའང་སྒྲུབ་པ་ཡུན་རིང་མཛད། ཡང་ཀོང་པོ་དང༌། བྱང་རྭ་སྒྲེང་རྣམས་སུ་ཕེབས་ནས་འགྲོ་དོན་མཐར་ཕྱིན་པར་མཛད་དོ། །རྗེ་དེའི་སློབ་མའི་གཙོ་བོ་རོང་པོ་དཀོན་མཆོག་རྡོ་རྗེས་ཨ་རྡོ་ལས་ཕྱག་རྫོགས་སྤྱི་དང༌། ཁྱད་པར་རྫོགས་པ་ཆེན་པོ་ཟངས་ཐལ་གྱི་གདམས་ཁྲིད་མ་ལུས་པ་ཞུས་ནས་རྟོགས་པའི་གདེང་དང་ལྡན་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ནས་ཀཿཐོག་ཏུ་སྒྲུབ་པ་ཡུན་རིང་དུ་བཞུགས། སླར་རོང་ཡུལ་དུ་བྱོན་ཏེ་སྐུ་ཚེ་མཐར་མ་ཕྱིན་བར་མཚམས་དམ་པོར་བཞུགས་སོ། །

{{#arraymap:ཨ་རྡོ་དཀོན་མཆོག་རྒྱལ་མཚན་

|; |@@@ | | }}