106808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨེ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་དབྱངས་ཡིག་གསུམ་པ་མཚོན་བྱེད་འགྲེང་བུ་ཨ་ལ་སྦྱར་བ། འདིའི་ང་རོ་འདོན་ཚུལ། སྐྱེ་གནས་མགྲིན་པ། བྱེད་པ། སྤྱི་བོའི་ཆ་དང་ཅུང་ཟད་འདྲེས་པས་གྱེན་དུ་བསྒྲེངས་ཏེ་ཡངས་པ། སྤྱིར་བོད་ཡིག་གི་དབྱངས་གསལ་ལ་ཕོ་མོ་གཉིས་སུ་དབྱེ་བའི་མོ་ཡིག་ཡིན།

{{#arraymap:ཨེ་

|; |@@@ | | }}

ཨེ་ (2)
Part of speech མིང་ཚིག
Definition བོད་ཀྱི་ལྷོ་ཁ་ཕྱོགས་ཀྱི་ས་ཆ་ཞིག་སྟེ། ཡུལ་དེ་ཨེ་ཡིག་གི་གཟུགས་འདྲ་བ་ཞིག་ཡོད་པས་མིང་དེ་ལྟར་ཐོགས།
Example ཨེ་ལྷ་རྒྱ་རི། ཨེ་ཆུ་མདོ་སྒང་ལྟ་བུ།

{{#arraymap:ཨེ་

|; |@@@ | | }}

ཨེ་ (1)
Part of speech གྲོགས་ཚིག
Definition ཚིག་ཁ་ཤས་ཀྱི་སྔོན་དུ་སྦྱར་ན་དྲི་བ་སྟོན་བྱེད་ཀྱི་ཚིག་གྲོགས་ཤིག
Example ལས་ཀ་བྱེད་ཨེ་ཚར། ང་ཨེ་དྲན་གི། ཁྱེད་ཨེ་འགྲོ། མི་ཨེ་ཡོད། ཨེ་ཡིན། ཨེ་ལྟ། ཨེ་ཁོམ་ལྟ་བུ།
Type ཡུལ་སྐད།

{{#arraymap:ཨེ་

|; |@@@ | | }}