10823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྱེར་སྒོམ་ཚུལ་ཁྲིམས་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཤིང་བྱི་ཕྱི་ལོ་ ༡༡༤༤ ལོར་ཡར་ཀླུངས་སུ་ཁྲ་འབྲུག་པའི་རྗེ་རྒྱུད་དུ་ཡབ་དམག་དཔོན་དཀོན་མཆོག་སྐྱབས་དང་། ཡུམ་རྒྱལ་ཚ་མ་མདོ་སྡེ་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཆོས་ཀྱི་སེང་གེར་བཏགས། བཅུ་གཅིག་པར་རབ་བྱུང་བསྒྲུབས། མཚན་ཚུལ་ཁྲིམས་སེང་གེར་གསོལ དགེ་བཤེས་ཧོར་ལས་གསང་འདུས་ཀྱི་རྩ་འགྲེལ་དང་། དབང་ལུང་མན་ངག་མང་དུ་གསན། བཅུ་དགུ་པར་འཐབ་རྩར་བྱོན། ཕག་མོ་གྲུ་པ་སར་ཆོས་མང་དུ་གསན། རྣལ་འབྱོར་ཆོས་གསུང་དང་མཇལ་ཏེ་རྗེ་བཙུན་མའི་བྱིན་རླབས་དང་། ཆོས་དྲུག་གི་ཁྲིད་སོགས་ནས་ཆོས་བརྒྱད་ཀྱི་འཆིང་བ་རྣམས་གྲོལ། གནས་ངེས་མེད་དུ་བྱོན། མལ་གྲོ་གཟི་ཅན་དང་སྙེའི་ཁ་ནག་སོགས་གདུག་པ་ཅན་རྣམས་བཏུལ། དེ་ནས་སྟོད་ལུང་གི་ཕྲེང་ཁ་དབྲག་ཏུ་ཕེབས་ཏེ་ལོ་ངོ་ལྔ་ཙམ་བཞུགས། སོ་བརྒྱད་པར་རབ་བྱུང་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༡༨༡ ལོར་སྙེ་ཕུར་ཤུག་གསེབ་དགོན་བཏབ། ཤུག་གསེབ་བཀའ་བརྒྱུད་ཅེས་གྲགས། ལོ་ངོ་ཉེར་བཞིའི་རིང་དུ་གདན་སར་ལོ་ངོ་ཉེར་བཞིར་བཞུགས། གཞན་དོན་རྒྱ་ཆེན་བསྒྲུབས། རབ་བྱུང་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༢༠༤ ལོར་སྐུ་གཤེགས། སློབ་མ་སྟོད་ནས་རྒྱ་དམར་མཛོད་གསུམ་དང་། སྨད་ནས་སྟོབས་ལྡན་མི་གསུམ་སོགས་མང་དུ་བྱོན། འདི་ནས་བརྒྱུད་པ་དག་གིས་ཕ་དམ་པའི་ཞི་བྱེད་ཀྱི་ཆོས་དང་། གཅིག་མཚུངས་སུ་གྱུར་པས་འགོས་ལོ་གཞོན་ནུ་དཔལ་གྱིས་འདི་ཉིད་ཞི་བྱེད་པར་བརྩིས།
Synonyms ཆོས་ཀྱི་སེང་གེ།

{{#arraymap:གྱེར་སྒོམ་ཚུལ་ཁྲིམས་སེང་གེ་

|; |@@@ | | }}