11009

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་བྱང་ཆུབ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོར་གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང་། ཡུམ་ཟིན་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བཞི་པར་ཀློག་ཡིག་བསླབས། བཅུ་གཉིས་པར་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་གྲགས་པ་བྱང་ཆུབ་ཅེས་གསོལ། བྱིས་དུས་ཀྱི་མིང་ལ་གྲགས་པ་རིན་ཆེན་དུ་གསོལ། ཚེས་བཞི་གསར་མ་བ་ཞེས་ཀྱང་འབོད། བརྟག་གཉིས་དང་ཆོས་དྲུག་སོགས་གསན་ནས་སློབ་དཔོན་ཚུལ་རྒྱལ་བས་བརྡ་བཞིའི་སྒོ་ནས་སྨིན་པར་མཛད། རྩེ་ཐང་དུ་ཕེབས། བརྟག་གཉིས་གསུངས། བཅོ་ལྔ་པར་དགེ་ཚུལ་གྱི་སྡོམ་པ་མནོས། བཅུ་དྲུག་པར་མཐིལ་གྱི་གདན་སར་ཕེབས། བཅུ་དགུ་པར་བསྙེན་རྫོགས་ཀྱི་སྡོམ་པ་མནོས། རབ་བྱུང་དྲུག་པའི་ཆུ་གླང་ཕྱི་ལོ་ ༡༣༧༣ ལོ་ནས། རབ་བྱུང་དྲུག་པའི་ལྕགས་བྱ་ཕྱི་ལོ་ ༡༣༨༡ ལོའི་བར་ལོ་ངོ་བརྒྱད་ཀྱི་རིང་དུ་བླ་དཔོན་སྦྲགས་མ་མཛད། གདན་ས་ལོ་ངོ་བཅུ་དྲུག་ཙམ་དུ་མཛད། རྗེ་ཙོང་ཁ་པས་ཁོང་ལ་རྟོགས་བརྗོད་ལྷུན་པོ་མཛད། རབ་བྱུང་དྲུག་པའི་མེ་སྟག་ཕྱི་ལོ་ ༡༣༥༦ ལོར་སྐུ་གཤེགས། ཕག་གྲུའི་སྡེ་སྲིད་ཁྲི་རབས་གསུམ་པ་དང་། ཕག་གྲུའི་གདན་རབས་བཅུ་བ་ཡིན།
Synonyms ཚེས་བཞི་གསར་མ་བ།

{{#arraymap:གྲགས་པ་བྱང་ཆུབ་

|; |@@@ | | }}