11010

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༢༠༣ ལོར་ཡབ་ཡོན་ཆེན་སངས་རྒྱས་སྐྱབས་དང་། ཡུམ་ཡེ་ཤེས་འཚོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པར་མཁན་པོ་སྟོན་པ་དང་། སློབ་དཔོན་ལན་བ་གཉིས་ལས་རབ་ཏུ་བྱུང། མཚན་ལ་གྲགས་པ་བརྩོན་འགྲུས་ཞེས་གསོལ། བཅུ་དྲུག་པར་དབུས་སུ་ཕེབས། སྤྱན་སྔ་གྲགས་པ་འབྱུང་གནས་ལས་དབང་ལུང་ཁྲིད་གསུམ་མང་དུ་ཞུས། བཅུ་དགུ་པར་འབྲི་གུང་དུ་བྱོན། མཁན་པོ་སྟོན་པ་དང་། ལས་སློབ་ཤར་གླིང་པ། གསང་སྟོན་ཡུང་བ་པ་རྣམས་ལས་བསྙེན་པར་རྫོགས། སྒྲུབ་པ་ཉམས་ལེན་མཛད། སྤྲུལ་བསྒྱུར་གྱི་ནུས་པ་བྱུང་། སོ་གསུམ་པ་རབ་བྱུང་ལྔ་པའི་ཤིང་ལུག་ཕྱི་ལོ་ ༡༢༣༥ ལོར་ཕག་གྲུའི་གདན་སར་ཕེབས། སྤྱན་སྔ་གྲགས་པ་འབྱུང་གནས་འབྲི་གུང་དུ་ཕེབས་པའི་ཕྱི་ལོ་ཡིན། ལོ་ངོ་སོ་གསུམ་རིང་གདན་སའི་འགན་ཁུར། ལན་ཅིག་གནམ་ལྕགས་ཐོག་རྒོད་བབས་པར་སྐུ་ཆོས་གོས་ཀྱིས་བཏུམས། གནོད་པ་ཅི་ཡང་མ་བྱུང་སྟབས་ཐོག་རྡུགས་པར་གྲགས། སིངྒྷ་གླིང་དང་། ཏི་ར་ཧུ་ཏི། ཡ་ཚེའི་རྒྱལ་པོ་རྣམས་ཀྱིས་འབུལ་བ་ཕུལ། སྐུ་བསོད་འཕྲིན་ལས་རྒྱས། རེ་ལྔ་པ་རབ་བྱུང་ལྔ་པའི་མེ་ཡོས་ཕྱི་ལོ་ ༡༢༦༧ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་བཞི་པ་ཡིན།
Synonyms རྒྱལ་བ་ཐོག་རྡུགས་པ།

{{#arraymap:གྲགས་པ་བརྩོན་འགྲུས་

|; |@@@ | | }}