11019

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ཕྱི་ལོ་ ༡༢༥༠ ལོར་ཁྲོ་བོ་འབན་གྱི་སྲས་སུ་འཁྲུངས། དྲུག་པར་སྤྱན་སྔ་གྲགས་པ་འབྱུང་གནས་སྐུ་གཤེགས། གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ལས་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་ལེགས་པར་གསན། རབ་ཏུ་བྱུང་། མཚན་ལ་གྲགས་པ་རིན་ཆེན་ཞེས་གསོལ། མཁས་གྲུབ་མང་པོའི་ཞབས་ལ་གཏུགས། ཕྱི་ནང་གི་བསྟན་བཅོས་རྣམས་ལ་མཁས་པར་སྦྱངས། བཞི་བཅུ་ཐམ་པ་རབ་བྱུང་ལྔ་པའི་ས་གླང་ཕྱི་ལོ་ ༡༢༨༩ ལོར་ཕག་གྲུའི་གདན་སའི་སྤྱན་སྔའི་གོ་སར་ཕེབས། དེའི་ཕྱི་ལོ་ས་སྐྱ་བས་འབྲི་གུང་བཅོམ། ཏཱི་ཤྲཱི་གྲགས་པ་འོད་ཟེར་དང་། རྒྱལ་བུ་གཉིས་ཀྱིས་སྟག་མགོ་གནང། བླ་དཔོན་སྦྲགས་མ་མཛད། སྐུ་འབུམ་ཤར་ནུབ་ཀྱི་གསེར་ཐོག་ཁྱད་པར་ཅན་འདི་རྣམས་ཀྱང་། འདིའི་རིང་ལ་ཡ་རྩེ་རྒྱལ་པོས་ཕུལ་ནས་བཟུང་སྤྱན་སྔ་གསེར་ཐོག་པར་གྲགས། གདན་སའི་འགན་ཁུར་ལོ་ངོ་རྩ་གཉིས་རིང་བཞེས། བསྟན་པ་དར་བར་མཛད། རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་བདུན་པ་ཡིན།
Synonyms སྤྱན་སྔ་གཉིས་མཆོད་པ། སྤྱན་སྔ་གསེར་ཐོག་པ། ཕག་གྲུ་གཉིས་མཆོད་པ།

{{#arraymap:གྲགས་པ་རིན་ཆེན་

|; |@@@ | | }}