11191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲྭ་པ་མངོན་ཤེས་ཅན་ (1)
Part of speech མིང་ཚིག
Definition མཚན་གཞན་ཤེས་རབ་རྒྱལ་བའམ་དབང་ཕྱུག་འབར་ཏེ། ཆུ་བྱི་ཕྱི་ལོ་ ༡༠༡༢ ལོར་གྲ་ནང་ཁུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང༌། མཚན་ཤེས་རབ་རྒྱལ་བར་བཏགས། དེར་འདུལ་བ་ལོ་གཅིག་གསན། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང༌། གསོ་བ་རིག་པ། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར་དགུ ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན། ཡུལ་གྲ་ལ་འཁྲུངས་པས་གྲྭ་པ་དང༌། ཆོས་མངོན་པ་ལ་མཁྱེན་རྒྱ་རྒྱས་པས་མངོན་ཤེས་ཞེས་གྲགས་པར་གྱུར། ཁྱད་པར་དུ་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་མ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཙམ་ལ་གཏེར་ནས་གདན་དྲངས་ཤིང་དཔེ་ལས་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་གཅིག་གསང་སྟེ་ཕྱིས་སུ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་ལ་གནང༌། དགུང་ལོ་བདུན་ཅུ་པར་གྲ་ནང་མདར་དཔལ་གྲ་ཐང་གི་རྨང་བཏིང༌། དགུང་ལོ་བདུན་ཅུ་དོན་དགུ་པ་རབ་བྱུང་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༠༩༠ ལོར་ཞི་བར་གཤེགས་པའི་ཚེ་ཕལ་ཆེར་གྲུབ་པ་ལ། ལྷག་པ་ཅུང་ཟད་ཡོད་པ་རྣམས་དབོན་པོ་འབྱུང་ཤེས་དང་འབྱུང་ཚུལ་གཉིས་ཀྱིས་ལོ་གསུམ་ནང་ལེགས་པར་བསྒྲུབས། འདི་ཉིད་ཀྱིས་རྒྱུད་ཀྱི་བསྡུས་དོན་སོགས་ཕྱག་རྩོམ་གནང་ཞིང༌། སློབ་མ་ཡང་གྲ་སྟོན་འབུམ་ལྷས་འབར་དང༌། གདོན་ཆུང་སྟོན་པ། དགེ་བཤེས་ལྷབས། བྷནྡྷ་བྱང་ཆུབ་སེམས་དཔའ་སོགས་བྱུང༌།

{{#arraymap:གྲྭ་པ་མངོན་ཤེས་ཅན་

|; |@@@ | | }}