11195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲྭ་བ་མངོན་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་མ་ཚུགས་པའི་སྔོན་གྱི་ཆུ་བྱི་ཕྱི་ལོ་ ༡༠༡༢ ལོར་གཡོ་རུར་འཁྲུངས། ཆུང་ངུའི་དུས་ནས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། མཚན་ལ་དབང་ཕྱུག་འབར་ཞེས་བཏགས། ཁུ་བོ་ཞང་སྟོན་ཆོས་འབར་ལས་མདོ་སྔགས་ཀྱི་ཆོས་སྐོར་དང་། གསོ་བ་རིག་པ། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་ཀྱི་སྐོར། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་སྦྱོར་དྲུག་གི་གདམས་པ་སོགས་གསན། བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་གྱི་འོག་ནས། གསོ་རིག་རྒྱུད་བཞིའི་མ་དཔེ་ས་སྟག་ཕྱི་ལོ་ ༡༠༣༨ ལོར་གཏེར་ལ་བཏོན། དཔེ་བཤུས་ཏེ་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་གཅིག་གསང། ཕྱིས་སུ་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པར་གནང་། གྲྭ་ནང་གི་མདར་དཔལ་གྲྭ་ཐང་གི་ཆོས་གྲྭ་ཆེན་པོ་བཏབ། རབ་བྱུང་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༠༩༠ ལོར་སྐུ་གཤེགས། གསུང་རྩོམ་ནི་རྒྱུད་ཀྱི་བསྡུས་དོན་སོགས་བསྟན་བཅོས་སྣ་ཚོགས་བཞུགས།
Synonyms དབང་ཕྱུག་འབར།

{{#arraymap:གྲྭ་བ་མངོན་ཤེས་

|; |@@@ | | }}