1123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀློང་ཆེན་གདུང་རྟེན་མཆོད་རྟེན་ (1)
Part of speech མིང་ཚིག
Definition བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་སྒྲུབ་གནས་ཀྱི་ཉེ་འཁྲིས་སུ་ཡོད་པའི་མཆོད་རྟེན་ཞིག་སྟེ། འདི་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སྐུ་གཤེགས་རྗེས་བཞེངས་པའི་ཁོང་གི་གདུང་རྟེན་བྱིན་རླབས་ཅན་ཞིག་ཡིན། སྔོན་ཆད་འདིའི་གཟུངས་གཞུག་ཏུ་ཀུན་མཁྱེན་ཀློང་ཆེན་རང་གི་ཐུགས་ལྗགས་སྤྱན་གསུམ་དང་། གདུང་ཆེན་སྣ་ལྔ། རིང་བསྲེལ། གདུང་རུས་སོགས་ཤིན་ཏུ་བྱིན་བརླབས་ཆེ་བའི་རྟེན་ཁྱད་པར་ཅན་ཡོད་ཀྱང་། (རིག་གསར་ཟིང་ཆའི་སྐབས་ཉམས་ཆག་ཕྱིན། ) ཕྱིས་སུ་ཕྱི་ལོ་༡༩༨༤ བོད་རབ་བྱུང་བཅུ་བདུན་པའི་ཤིང་གླང་ལོར་གོ་འཇོ་བླ་མ་ཚེ་རིང་དབང་གྲགས་ཀྱིས་གསར་བཞེངས་ཐོག་གཟུངས་གཞུག་ཏུ་ཀུན་མཁྱེན་རང་གི་གདུང་ཆེན་དང་རིང་བསྲེལ་གདུང་རུས། ཀློང་ཆེན་ཞལ་བཞུགས་སྐབས་ཀྱི་འདྲ་སྐུ། གཏེར་ཕུར་བྱིན་ཅན། ཕྱག་ཚ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་འབྲས་ལྗོངས་ནས་གཏེར་དུ་སྤྱན་དྲངས་པའི་ཨོ་རྒྱན་སངས་རྒྱས་གཉིས་པའི་དབུ་ལོ། གསུང་རྟེན་རྒྱལ་བའི་བཀའ་འགྱུར། ཀློང་ཆེན་རང་གི་གསུང་འབུམ། བཻ་རོ་ཙ་ནའི་ཕྱག་བྲིས་སོགས་བྱིན་རྟེན་རྣམས་ཀྱིས་བྱུར་བུར་གཏམས་པའི་མཆོད་རྟེན་ཞིག་ཡིན།

{{#arraymap:ཀློང་ཆེན་གདུང་རྟེན་མཆོད་རྟེན་

|; |@@@ | | }}