1126

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀློང་ཆེན་རབ་འབྱམས་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་ལྔ་པའི་ས་སྤྲེལ་ཕྱི་ལོ་ ༡༣༠༨ ལ་གཡོ་རུ་གྲའི་ཆ་སྟོད་དུ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རུས་རྒྱུད་ཡབ་སློབ་དཔོན་བསྟན་སྲུང་དང་། ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ནས་ནམ་གྲུ་རེ་མ་ཏིས་བྱ་ར་མཛད། དགུང་ལོ་ལྔ་ནས་འབྲི་ཀློག་མཁྱེན་ཅིང་། དགུང་ལོ་དགུའི་སྟེང་ནས་ཉི་ཁྲི་དང་བརྒྱད་སྟོང་པ་མང་པོ་གསུངས་ཤིང་ཐུགས་ལ་ཆུད། བཅུ་དགུ་བར་གསང་ཕུའི་ཆོས་གྲྭར་ཞུགས་ཏེ་བཀའ་པོད་ལྔ་དང་ཐུན་མོང་གི་རིག་གནས་རྣམས་སྦྱངས་མཐར་བཅད། དཀའ་སྤྱད་ཆེན་པོས་དབེན་པ་བསྟེན་ཏེ་སྒྲུབ་པ་ཉམས་བཞེས་མཛད་པས་ལྷག་པའི་ལྷ་མང་པོས་ཞལ་གཟིགས་ཤིང་གསུང་གིས་དབུགས་དབྱུང་གནང་། མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུས། ཁྱད་པར་དུ་སློབ་དཔོན་ཡབ་ཡུམ་ལས་ཟབ་ཆོས་མང་དུ་གསན་ཏེ་རྟོགས་པ་ཀློང་དུ་བརྡོལ་ཅིང་རྫོགས་ཆེན་གྱི་མན་ངག་ལ་ནང་བྱན་ཆུད། ལྷ་སའི་ཇོ་བོ་མཇལ་རེས་སུ་ཡ་མཚན་པའི་གཟིགས་སྣང་སྣ་ཚོགས་བྱུང་། ཁྱད་པར་རིག་འཛིན་ཆེན་པོ་ཀུ་མ་ར་ཛ་ལས་ཡང་གསང་རྫོགས་པ་ཆེན་པོའི་གནས་ལུགས་རིག་སྟོང་ཀ་དག་ལྷུན་གྲུབ་ཆེན་པོའི་རང་གཤིས་མངོན་སུམ་དུ་གཟིགས། སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྟན་བཅོས་རྩོམ་པར་བསྐུལ་བ་ལྟར་མཛོད་ཆེན་བདུན་སོགས་མདོ་སྔགས་རིག་གནས་དང་བཅས་པའི་ལེགས་བཤད་ཟླ་མེད་པ་མང་དུ་མཛད་ནས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རྨང་ནས་གསོ་བར་མཛད། དབུས་གཙང་ནས་ལྷོ་མོན་བར་དུ་གདུལ་བྱ་དཔག་གིས་མི་ལང་པ་བསྐྱངས། གངས་རི་ཐོད་དཀར་ཨོ་རྒྱན་རྫོང་དང་། མོན་ཡུལ་དུ་བབ་རོན་ཐར་པ་གླིང། ཤིང་མཁར་བདེ་ཆེན་གླིང་། སྟང་ཨོ་རྒྱན་ཆོས་གླིང་། ཀུ་རེ་སྟོད་ཀུན་བཟང་གླིང་། སྔན་ལུང་འབྲས་བཅགས་གླིང་། ཁོ་ཐང་རིན་ཆེན་གླིང་། མེ་ལོག་ཀུན་བཟང་གླིང་། སྤ་གྲོ་བསམ་གཏན་གླིང་བཅས་གླིང་བརྒྱད་དུ་གྲགས་པའི་གདན་ས་བསྐྱངས་ཤིང་འགྲོ་དོན་ནུས་པའི་སློབ་མ་སུམ་ཅུ། འགྲོ་ཕན་ཆེ་བ་བཅུ་གཅིག ཁྱད་པར་ཅན་དགུ་སོགས་སྲས་རྒྱུད་དང་སློབ་རྒྱུད་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། མཐར་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཕྱི་ལོ་ ༡༣༦༣ ལ་མྱ་ངན་ལས་འདས། ཁོང་གི་གསུང་རྩོམ་ལ། མཛོད་ཆེན་བདུན། སྙིང་ཏིག་ཡ་བཞི། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ་སོགས་ད་སྐབས་དངོས་བཞུགས་པ་དང་། ད་སྐབས་མི་བཞུགས་ཀྱང་མཛད་རྣམ་དུ་གསལ་བའི་གཞུང་ཧ་ཅང་མང་།
Synonyms ཀློང་ཆེན་རབ་འབྱམས། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་པོ། པདྨ་ལས་འབྲེལ། སྣ་ཚོགས་རང་གྲོལ། བསམ་ཡས་པ། ཀུན་མཁྱེན་ཆོས་རྗེ། ཕན་པ་བཟང་པོ། པདྨ་ལས་འབྲེལ་རྩལ། ནམ་མཁའི་རྣལ་འབྱོར། གུ་ཡངས་བློ་བདེ།

{{#arraymap:ཀློང་ཆེན་རབ་འབྱམས་

|; |@@@ | | }}