11408

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་མེ་གླང་ཕྱི་ལོ་ ༡༤༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ཀུན་དགའ་རྒྱལ་པོ་དང་། ཡུམ་དཔལ་འཛོམས་ཞེས་བྱ་བའི་བྱ་བྲལ་ཕོ་མོ་གཉིས་དབུས་གཙང་དུ། གནས་སྐོར་ལ་འོངས་སྐབས་རྟ་ནག་རྡོ་རྗེ་གདན་དུ་སྐུ་འཁྲུངས། འདས་ལོ་མི་གསལ། བཅུ་གཅིག་པར་ཡབ་ཡུམ་གཉིས་ཀྱིས་ཁྲིད་ནས་གནས་ཆེན་སོ་སོར་མཇལ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱོན། སོ་ཆོས་ཀྱི་རྒྱལ་མཚན་དང་མཇལ། ཆོས་རྗེས་ཡབ་ཡུམ་གཉིས་ལ་བདག་རྐྱེན་དཔག་ཏུ་མེད་པ་གནང་། བུ་འདི་ང་ལ་བྱིན་ཅིག་ཅེས་གསུངས། ཡབ་ཡུམ་གཉིས་ཀྱིས་ཀྱང་ཕུལ། ཆོས་རྗེས་དེ་ལས་རབ་ཏུ་བྱུང་། མཚན་ལ་ཆོས་ཀྱི་རྡོ་རྗེ་ཞེས་གསོལ། མདོ་རྒྱུད་ཀྱི་གསུང་རབ་ཀུན་ལ་སྦྱངས། ལྷག་པར་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་རྫོགས་པར་གསན། དགེ་ལྡན་སྙན་བརྒྱུད་དང་། སྤྲུལ་པའི་གླེགས་བམ་བཅས་ཆོས་རྗེས་འདི་ལ་གཏད་ནས་བཀའ་རྒྱ་མཛད། འབྲས་སྤུངས་སུ་ཕེབས། མཁས་དབང་བདེ་ལེགས་སྟོབས་ལྡན་དང་། སློབ་དཔོན་ཉི་མ་གཉིས་ལས་བསྙེན་རྫོགས་བསྒྲུབས། དབུ་ཕར་གཙོས་གཞུང་ཆེན་རྣམས་ལ་དཔྱིས་ཕྱིན་པར་སྦྱངས། གཙང་དུ་བྱོན། འདུལ་འཛིན་བློ་གྲོས་སྦས་པ་ལས་འདུལ་བའི་སྐོར་ཡོངས་གསན། བ་སོ་ཆོས་རྗེའི་བཀའ་ལྟར་གངས་དང་། རི་སུལ། ནགས་ཁྲོད་སོགས་སུ་འགྲིམས། མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པར་སྒྲུབ་པ་སྙིང་པོར་མཛད། ཉམས་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་གྱུར། བ་སྣམ་ཇོ་མོའི་ལྷ་རིའི་གསང་ཆེན་གྲུབ་པའི་གནས་པདྨ་ཅན་དུ་སྒྲུབ་པ་ལྷུར་བཞེས། བསྐྱེད་རིམ་མཐར་ཕྱིན། རྫོགས་རིམ་ལ་ཆིག་སྒྲིལ་མཛད་པས་འོད་གསལ་སྒྱུ་ལུས་གྲུབ། རབ་བྱུང་དགུ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༥༢༡ ལོར་དབེན་ས་བློ་བཟང་དོན་གྲུབ་ལ་དགེ་ལྡན་སྙན་བརྒྱུད་དམ། དབེན་ས་སྙན་བརྒྱུད་དང་སྤྲུལ་གླེགས་བམ་བཅས་སྲས་ཀྱི་ཐུ་བོ་དབེན་ས་བློ་བཟང་དོན་གྲུབ་ལ་གཏད། ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར།
Synonyms དབེན་ས་སྨྱོན་པ།

{{#arraymap:གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་

|; |@@@ | | }}