11439

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་ (1)
Part of speech མིང་ཚིག
Definition ཟུར་ཚོའི་གོ་ལུང་དུ་ཡབ་ཇོ་འཕན། ཡུམ་དུག་གེ་མ་བྱ་བ་ལ་རབ་བྱུང་བཞི་པའི་ལྕགས་སྟག་ ༡༢༣༠ ལོར་འཁྲུངས། མཚན་སེང་གེ་དཔལ་ཞུ། ལོ་བདུན་ནས་དགེ་བསྙེན་བླངས། བཅུ་དྲུག་ལ། བོ་དོང་རིན་རྩེར་འཆད་རྩོད་རྩོམ་གསུམ་ལ་ཟླ་མེད་དུ་གྲགས། ཉི་ཤུ་ལ་བོ་དོང་རིན་རྩེའི་མཁན་པོ་སོགས་ཀྱིས་ཆིག་རྫོགས་བསྒྲུབས། མཚན་རིན་ཆེན་དཔལ་དུ་གསོལ། དུས་འཁོར་གྱི་དཀའ་གནད་འགའི་ཕྱིར་དུ། ཆོས་རྗེ་རྒོད་ཚང་པའི་དྲུང་དུ་བྱོན། རྒོད་ཚང་པས་སློབ་དཔོན་ཇོ་བཙུན་ཞེས། དགྱེས་དགྱེས་མཛད། དོགས་པའི་ལོ་རྒྱུས་ཞུས་པས། དཀའ་གནད་ཕལ་ཆེར་གྲོལ། སྨན་མིང་འགའ་ཞིག་ཕྱིས་ཤེས་པར་གསུངས། ཁྱེད་དུས་འཁོར་མཁས་པར་མཁྱེན་པ་སུ་ལ་གསན་ཞུས་པས། ཤྲཱིར་བསྡད་དུས་བུད་མེད་དམར་མོ་ཞིག་གིས་པོ་ཏི་བྱིན། དེ་མིད་པའི་སྣང་བ་བྱུང་བས། ཕྱིས་ཆོས་གང་ལའང་ཐོགས་མེད་པ་བྱུང་གསུང་། བདག་ལ་དུས་འཁོར་དབང་དགོས་ཞུས་པས། གསོལ་བ་ཐོབ་གསུངས་པ་བཞིན་བཏབ་པས། རྨི་ལམ་དུ། དུས་འཁོར་བ་སངས་རྒྱས་རྡོ་རྗེ་ཡིན་སྙམ་པ་ཞིག་གིས། དབང་བསྐུར་རྫོགས་པར་སྦྱིན་པ་རྨིས། སད་དུས་ཉི་མ་ཤར་འདུག། དྲུང་དུ་ཕྱིན་པས། ཆོས་རྗེས་ཐུགས་ཚིམ་མམ་གསུང་། ཚིམས་ལགས་ཞུས། ཆོས་རྗེ་ལ་སངས་རྒྱས་དངོས་སུ་མཐོང་། ཆོས་རྗེས་ཁྱོད། ཤམྦྷ་ལ་ན་ལས་འབྲེལ་མི་འདུག། དངོས་ཀྱི་ལས་འབྲེལ་ཨུ་རྒྱན་དུ་འདུག། དེར་སོང་གསུངས། ཨུ་རྒྱན་དུ་བྱོན། ལམ་དུ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་། སྔོན་བཙུན་མ་བརྡུངས་པས་རྐྱེན། མཁའ་འགྲོས་རྡོ་ཆར་ཕབ་པས་དབུ་ཆག་ཀྱང་། སླར་རླུང་གིས་གསོས་པར་གྲགས། ཨུ་རྒྱན་མཐིལ་དུ་བརྟོལ། ཧེ་རུ་ཀ་རང་བྱུང་གི་ཕོ་བྲང་དེ། ཐོག་མར་ཀ་མ་དྷ་ཀོ་ཞེས་པའི་གངས་རི་ཞིག་ཏུ་གཟིགས། དྷཱུ་མ་ཐ་ལར་སྨད་འཚོང་མས་ཐུག་པ་བྱིན་པ་འཐུང་བས། ལུས་འདྲ་མིན་བཅུ་བདུན་བླངས་པའི་སྣང་བ་བྱུང་། དེ་སངས་པ་ན། སྔར་གྱི་གངས་སོགས་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་གཟིགས། ཁྱད་པར་བཅོམ་ལྡན་འདས་མས། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བསྩལ། སྨད་འཚོང་མ་དེས་ཀྱང་གདམས་པ་དང་། རེག་པ་མེད་པའི་རྡོའི་འོག་ཏུ་ལོ་གཅིག་བསྒོམས་ན། རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་མཉམ་པར་འགྱུར་ཞེས་ལུང་བསྟན། སོ་གཉིས་ལ་རྡོ་རྗེ་གདན་དུ་བྱོན། མཆོད་རྟེན་ལ་ཞིག་གསོས་གནང་། ཚོགས་བདག་དམ་ལ་བཏགས། རེ་གསུམ་པར་རྒྱ་ནག་ཏུ་ཡོན་རྒྱལ་རབས་ཀྱི་རྒྱལ་པོ། ཧུ་པི་ལི་སེ་ཆེན་ཧན་གྱིས་སྤྱན་དྲངས་པས་བྱོན། རྒྱལ་བློན་འབངས་བཅས་ལ། ལོ་གཅིག་རིང་ཆོས་གསུངས། འབུལ་བ་ཚན་ཆེ་ཡང་དངོས་པོ་ཁབ་ཙམ་ཡང་མ་བསྣམས་པར་ཕྱིར་བོད་དུ་ཕེབས། མཐར་དགུང་ལོ་བརྒྱད་ཅུ་པ་ས་བྱ་ ༡༣༠༩ ལོའི་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་སྐུ་གཤེགས། སློབ་མ་ཡང་། གདན་ས་བ་འབྲུག་སེང་གེ་ཤེས་རབ། ཀརྨ་པ་རང་བྱུང་རྡོ་རྗེ། རིན་པོ་ཆེ་མཁར་ཆུ་བ། བླ་མ་དབུ་མ་པ། མཁས་བཙུན་བསོད་ནམས་འོད་ཟེར། རྟོགས་ལྡན་ཟླ་བ་སེང་གེ རྟོགས་ལྡན་གཡག་མགོ་བ། ཆོས་རྗེ་ཀུན་དགའ་དོན་གྲུབ། གྲུབ་ཐོབ་ཚ་ཆུང་བ། མཐའ་བཞི་རས་ཆེན། ཤོང་རྡོ་རྗེ་རྒྱལ་མཚན། ཤོང་བློ་བརྟན་སོགས་ཡིན་ནོ། །

{{#arraymap:གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་

|; |@@@ | | }}