11776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ་ ༡༦༦༠ ལོར་རྒྱལ་དབང་ངག་དབང་བློ་བཟང་རྒྱ་མཚོས་སྡེ་སྲིད་དུ་བསྐོས། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ་ ༡༦༦༡ ལོར་འབྲས་ལྗོངས་རྒྱལ་པོ་བསྟན་སྲུང་རྣམ་རྒྱལ་འཁོར་བཅས་ལྷ་སར་ཕེབས། རྒྱལ་དབང་ལྔ་བ་དང་། སྡེ་སྲིད་གཉིས་ཀྱིས་མཇལ་འཕྲད་གནང་། ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་སྐོར་ལ་སློབ་སྟོན་མཛད། རབ་བྱུང་བཅུ་གཅིག་པའི་མེ་ལུག་ཕྱི་ལོ་ ༡༦༦༧ ལོར་ཕོ་བྲང་དམར་པོ་དང་། ལྕགས་པོ་རི་གཉིས་ཀྱི་རི་བརྒྱུད་དུ་བྲག་སྒོ་ཀ་ཎིའི་མཆོད་རྟེན་ཆོས་འཁོར་བཅུ་གསུམ་རླུང་དྲིལ་དང་བཅས་པ་བསྐྲུན། ལོ་ངོ་དགུའི་རིང་དགའ་ལྡན་ཕོ་བྲང་ལ་ཞབས་ཏོག་ཞུས། རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ཕྱི་ལོ་ ༡༦༦༨ ལོར་སྐུ་གཤེགས། དགའ་ལྡན་ཕོ་བྲང་གི་སྡེ་སྲིད་གཉིས་པ་ཡིན།
Synonyms ཇི་སང་སྡེ་བ།

{{#arraymap:གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་

|; |@@@ | | }}