11919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླང་ཆེན་ (1)
Part of speech མིང་ཚིག
Definition སྐམ་ལ་གནས་པའི་གནད་ཆེའི་སྲོག་ཆགས་ཆེ་ཤོས་ཤིག་སྟེ། གཟུགས་སྟོབས་ཤིན་ཏུ་ཆེ་ཞིང་ལུས་ཀྱི་ཁ་དོག་སྐྱ་བོའམ་ཐལ་མདོག་ཡིན་པ་དང༌། པགས་པ་རྩུབ་ཅིང་ཧ་ཅང་མཐུག་པར་གཉེར་རིས་མང་པོ་ཡོད་པ། སྤུ་མདོག་རག་པ་གྱོང་ལ་རིང་བ་ཐར་ཐོར་ལྡན་པ། མཇིང་པ་ཤིན་ཏུ་སྦོམ་ལ་ཅུང་ཟད་ཐུང་ཞིང་གཉེར་མ་མང་བ་དང༌། མགོ་བོ་ཆེ་ཞིང་མིག་སྒོར་ལ་ཆུང་བ་མིའི་མིག་དང་འདྲ་ལ་སྣ་ལྷག་པར་རིང་བའི་རྩ་བ་སྦོམ་ཞིང་གཉེར་མ་མང་བ་རིམ་བཞིན་ཕྲ་རུ་སོང་བ། བཟའ་བཏུང་ལ་སོགས་པའི་བྱ་བ་ཚང་མ་སྣས་བྱེད་པ་དང༌། རྣ་བ་གཉིས་ཀྱང་སྲབ་ལ་ཆེ་ཞིང་རླུང་གཡབ་ཀྱི་དབྱིབས་འདྲ་བ་རྒྱུན་དུ་འགུལ་ཞིང༌། རྔ་མ་ཕྲ་ལ་ཅུང་ཟད་རིང་བ་དེ་ཡང་རྣ་བ་བཞིན་རྟག་ཏུ་འགུལ་བ། སུག་བཞི་སྦོམ་ལ་དྲང་བ་ཀ་ཟླུམ་གྱི་དབྱིབས་འདྲ་ཞིང་ལག་པ་གཉིས་ལ་མཛུབ་མོ་ལྔ་རེ་དང་རྐང་པ་གཉིས་ལ་བཞི་རེ། རྒྱུན་དུ་ས་བབ་དམའ་ཞིང་ཚ་བ་ཆེ་ལ་ཆུ་ཡང་ཡོད་པའི་ལུང་སྟོང་གི་ནགས་གསེབ་དང་རྩྭ་ཐང་དུ་བཅུ་ཕྲག་ཁ་ཤས་མཉམ་དུ་ཁྱུ་བྱས་ནས་སྡོད་པ་དང༌། ཕོ་མོ་གཉིས་ཁེར་རྐྱང་དུ་སྡོད་པ་ཡང་སྣང༌། གླང་ཆེན་གྱི་རང་གཤིས་ཧ་ཅང་བཙན་ཞིང་མྱུལ་ས་རྒྱ་ཆེ། སྤྱིར་ཞོགས་པ་དང་དགོང་དྲོ་མྱུལ་ཞིང་ཟས་ཟ་བ་དང་ཉི་མའི་དགུང་ལ་ཉལ་བ་ཡིན། རྒྱུན་དུ་ཕན་ཚུན་དབར་རོགས་འདེགས་བྱེད་པ་དང་ཆུ་ནང་དུ་རྩལ་བྱེད་པར་དགའ་ཞིང་ཆུ་རྐྱལ་བྱེད་པར་མཁས། ཟས་སུ་གཙོ་བོ་སྡོང་པོའི་ཡལ་ཕྲན་གྱི་རིགས་དང༌། ལོ་མའི་རིགས། དེ་བཞིན་རྩི་ཤིང་ལོ་ཏོག་དང་ཤིང་འབྲས་ཀྱི་རིགས་སོགས་ཟ། ཚེ་ཧ་ཅང་རིང་བས་ལོ་བརྒྱ་ལྷག་ཙམ་སོན་ཐུབ་པ་དང༌། མངལ་སྦྲུམ་ཡུན་ཚད་ཟླ་བ་བཅོ་བརྒྱད་ནས་ཉེར་གཉིས་བར་དང་། བཙའ་ཐེངས་རེར་ཕྲུ་གུ་གཅིག་རེ་བཙའ་བ་ཡིན།
Keyword True
Synonyms འཁོར་ལོའི་རྐང་། མཆེ་བ་སྟོབས་ལྡན། གཉིས་འཐུང༌། སྟོབས་ལྡན། ཐིག་ལེ་ཅན། ནགས་ཚལ་དགའ། སྣ་ཞགས་ཅན། དབྱུག་པའི་རྣ་ཅན། མང་པོ་འཐུང༌། མྱོས་རྡུལ་ཅན། མྱོས་བུམ་ཅན། ལག་ལྡན། ས་ལུད་ཉལ། སོ་ཅན། སོ་གཉིས་པ། སོ་ལྡན་བཅས་སོ། །

{{#arraymap:གླང་ཆེན་

|; |@@@ | | }}