12273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གློ་བ་ (1)
Part of speech མིང་ཚིག
Definition དོན་སྙིང་ལྔ་པོའི་ཡ་གྱལ་ཞིག་སྟེ། བྱང་ཁོག་ཏུ་གནས་ཤིང་དབུགས་འབྱིན་རྔུབ་བྱེད་པ་ཞིག་སྟེ། དེ་ལ་ཆེ་ཆུང་གཉིས་ཡོད་པ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞི་དཀའ་འགྲེལ་ལས། བྱང་ཁོག་རྒྱབ་ངོས་སུ་གནས་ཤིང་ཆེ་བ་ལ་གློ་བ་མ་སྟེ། དབྱིབས་ཅུང་ཟད་མི་འདྲ་ཙམ་མཆིས་པར་མཛོ་སྣ་དང་། བྱ་སྒབ་དང་། ཐུགས་ཁབ་དང་། རྟེ་མིག་དང་། དགྲ་ལྕེ་ཟེར་ཞིང་། བྱང་ཁོག་མདུན་ངོས་སུ་གནས་ཤིང་ཆུང་བ་ལ་གློ་བ་བུ་སྟེ། དེ་ཡང་དབྱིབས་ཅུང་ཟད་མི་འདྲ་ཙམ་མཆིས་པར་སྟག་མགོ་དང་། སྒང་དང་། རྩིབས་དང་། གཤམ་དང་། ཟགས་སྣ་ཟེར། སྤྱིར་གློ་མ་བུ་ཞེས་གསུངས།
Synonyms གློ་བ་མ་ལྔ། གློ་བ་བུ་ལྔ། དབུགས་ཀྱི་རྒྱུ་བྱེད། གསུར།

{{#arraymap:གློ་བ་

|; |@@@ | | }}