12481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིན་རྗེ་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition བསྟན་པ་སྲུང་བའི་དམ་ཚིག་ཅན་གཤིན་རྗེ་ཆོས་རྒྱལ་ཏེ། དགེ་ལུགས་པའི་སྲུང་མ་གཙོ་བོ་གསུམ་གྱི་ཡ་གྱལ་ཡིན། དགེ་ལུགས་པའི་སྲུང་མ་གཙོ་བོ་གསུམ་ནི། སྐྱེས་བུ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྲུང་མ་ནི་སྤྱན་རས་གཟིགས་སྲུང་མའི་རྣམ་པར་སྟོན་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེས་བུ་འབྲིང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་སྲུང་མ་ནི་གསང་བདག་ཕྱག་ན་རྡོ་རྗེ་སྲུང་མའི་རྣམ་པར་སྟོན་པ། སྐྱེས་བུ་ཆུང་ངུའི་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག སྐྱབས་འགྲོ་ལས་འབྲས་སོགས་དང་། ཟབ་མོ་དབུ་མའི་ལྟ་བའི་སྲུང་མ་ནི་རྗེ་བཙུན་འཇམ་དཔལ་དབྱངས་སྲུང་མའི་རྣམ་པར་སྟོན་པ་དམ་ཅན་ཆོས་ཀྱི་རྒྱལ་པོ་བཅས་ཡོད་པའི་ནང་ནས་གསུམ་པ་དེ་ཡིན།
Domain ཆོས་ལུགས།

{{#arraymap:གཤིན་རྗེ་ཆོས་རྒྱལ་

|; |@@@ | | }}

གཤིན་རྗེ་ཆོས་རྒྱལ་ (2)
Part of speech མིང་ཚིག
Definition གཤིན་པོ་རྣམས་ཀྱི་རྗེ་བོའམ་འཆི་བདག་གཤིན་རྗེ་སྟེ།
Synonyms གཤིན་རྗེའི་རྒྱལ་པོ། ཉི་མའི་བུ། ཕ་གཤིན་བདག་པོ། མ་ཧེ་རྒྱལ་མཚན། ཡ་མུ་ནའི་སྤུན། ཡི་དྭགས་རྒྱལ་པོ། གསོད་བདག་སྐྱེས། རབ་སོང་རྒྱལ། ཆོས་ཀྱི་རྒྱལ་པོ། ཆོས་རྒྱལ། དྷརྨ་རཱ་ཛཿ། ཆོས་བདག ལྷོ་ཡི་ཕྱོགས་སྐྱོང་། ལྷོ་ཕྱོགས་བདག་པོ། གཤིན་གྱི་རྒྱལ་པོ།

{{#arraymap:གཤིན་རྗེ་ཆོས་རྒྱལ་

|; |@@@ | | }}