12693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་ (1)
Part of speech མིང་ཚིག
Definition གནས་ཚུལ་གང་ཞིག་གཞན་ལ་སྦེད་པའི་དོན་གྱི་བྱ་མིང་།
Keyword True
Example གནས་ཚུལ་གསང་བ་བྱ་དགོས་པའི་རིགས་གཞན་ལ་མ་བཤད་ན་བཟང་ལྟ་བུ།

{{#arraymap:གསང་བ་

|; |@@@ | | }}

གསང་བ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དཀོན་ཅོག་འགྲེལ་ལས། དེ་ལ་གསང་བའི་དོན་ནི། སྤྱིར་རྟོགས་པར་དཀའ་བ་དང་རྟོགས་སུ་མི་རུང་བ་ལའང་འཇུག་སྟེ། འདིར་ཡང་དེ་བཞིན་ནོ། །དེ་ལ་རྟོགས་པར་དཀའ་བ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་དགོངས་པ་ནི་དམ་པར་གྱུར་པ་འདི་ལྟ་བུ་གང་ཟག་སྐལ་བ་མེད་ཅིང་བློ་མ་སྦྱངས་པ་རྣམས་ཀྱི་བློས་རྟོགས་པར་དཀའ་བས་གསང་བ་ཞེས་བྱའོ། །རྟོགས་སུ་མི་རུང་བ་ནི་འདི་ལྟ་བུའི་དོན་དང་རྨད་དུ་བྱུང་བའི་སྤྱོད་པ་དག་འཇིག་རྟེན་པ་དང་ཐེག་པ་འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མི་རུང་བས། གསང་བར་བྱ་བ་ཡིན་པའི་ཕྱིར་ཡང་གསང་བའི་ཐེག་པ་ཞེས་བྱའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:གསང་བ་

|; |@@@ | | }}

གསང་བ་ (3)
Part of speech མིང་ཚིག
Definition རྣལ་འབྱོར་ཆེན་པོའི་ཚུལ་ལའང་བྱ་སྟེ། མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། གསང་བ་ནི་རྣལ་འབྱོར་ཆེན་པོའི་ཚུལ་ཏེ། དེར་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པའི་སྒོར་གྱུར་པ། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པ་བསྟན་པའི་ཕྱིར་རོ། །ཞེས་གསུངས།

{{#arraymap:གསང་བ་

|; |@@@ | | }}

གསང་བ་ (1)
Part of speech རྒྱན་ཚིག
Definition རང་ཉིད་དམ་ཡང་ན་མི་ཆེས་ཉུང་ཤས་ཙམ་ལས་མི་ཤེས་པའི་གནས་ཚུལ་དང་བྱ་སྤྱོད་ཀྱི་མིང་།
Example གསང་བའི་ཚོགས་འདུ། གསང་བའི་གྲོས་མོལ། དམག་དོན་གྱི་གསང་བའི་གནས་ཚུལ་ལྟ་བུ།

{{#arraymap:གསང་བ་

|; |@@@ | | }}