12888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་འདུས་རིམ་ལྔའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། གསང་འདུས་རིམ་ལྔའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་རེ་གཅིག་པ་ཡིན། བརྗོད་བྱ་ནི། དཔལ་གསང་བ་འདུས་པའི་ལམ་བསྐྱེད་རྫོགས་སྒོམ་པ་སྟེ། དེ་ཡང་ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར། ངག་དབེན་གསུང་རྡོ་རྗེའི་རྣལ་འབྱོར། སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་ཏེ། རྣལ་འབྱོར་གསུམ་སོགས་ཀྱི་སྒོ་ནས་སྒོམ་པའི་རིམ་པ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང་། ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་མ། བི་སུ་ཀ་ལྔ་གྲུབ་ཆེན་ས་ར་ཧ། འཕགས་པ་ཀླུ་སྒྲུབ་ཨཱརྻ་དེ་བ་དང་། ཤཱཀྱ་བཤེས་གཉེན་ཀླུ་ཡི་བྱང་ཆུབ་པ། ཟླ་བ་གྲགས་པ་སློབ་པའི་རྡོ་རྗེ་དང་། སྤྱོད་རྡོར་ས་འདྲེས་པ་དང་བརྩོན་འགྲུས་བཟང་། འགོས་ལོ་ཁུག་པ་མང་ར་སེ་རྒྱལ་བ། ཡེ་སིང་ཉི་སེང་ཉི་ལྕམ་འཕགས་པ་ལྷ། འཕགས་སྐྱབས་གཞོན་ནུ་འོད་དང་ཆོས་སྐུ་འོད། འཕགས་འོད་རིན་ཆེན་གྲུབ་དང་ཁྱུང་ལྷས་པ། ཤར་ཆེན་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང་། ཤཱཀྱ་མཆོག་ལྡན་རབ་གསལ་ཟླ་བ་མགོན་ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྡོ་རྗེ་འཆང་གི་གསུང་སྒྲོས་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:གསང་འདུས་རིམ་ལྔའི་ཁྲིད་

|; |@@@ | | }}