12897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་རི་དགོན་ (1)
Part of speech མིང་ཚིག
Definition ཕྱི་ལོ་ ༡༨༩༣ ལོར་འཕན་འཛི་བླ་མ་བསོད་ནམས་རྒྱལ་མཚན་གྱིས་ནག་སྒར་གྱི་ཆོས་སྡེ་བཏབ། ཀཿཐོག་སི་ཏུ་རིན་པོ་ཆེ་དང་། དབོན་སྤྲུལ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོ། ཕྱག་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ། རྨོག་སྤྲུལ་རིག་འཛིན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་བཅས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཆོས་དང་དངོས་པོའི་བདག་རྐྱེན་རྒྱ་ཆེར་གནང་། དགོན་འདིའི་དགོན་བདག་རིམ་བྱོན་ནི་འཕེས་བླ་བསོ་རྒྱལ་ནས་བླ་མ་གནས་རྒན། འཕེས་བླ་དགེ་འདུན། འཕེས་བླ་གཞོན་ནུ། སྤྲུལ་འཇམ་དཔལ་ཡེ་ཤེས། གནས་སྤྲུལ་པད་བློ། ལུང་དཀར་ཨ་ལེགས། འཕེས་བླ་ནོར་བུ། ཨོ་རྒྱན་རྡོ་རྗེ། བླ་མ་སྐལ་རྣམ། བླ་མ་ཚུལ་སྐྱབས། སྤྲུལ་འཇིགས་མེད་བློ་གྲོས། སྤྲུལ་བསྟན་འཛིན་ཆོས་འཕེལ། དབོན་སྤྲུལ་ཆོས་ཀྱི་ཉི་མ། མཁན་བཀྲ་ཤིས་ཚེ་རིང་བཅས་དང་། མཁན་རབས་རིམ་བྱོན་ནི། མཁན་ལྷ་སྐྱབས། མཁན་བཀྲ་རྒྱམ་དང་། མཁན་གནས་བརྟན། མཁན་པད་བློས་སོགས་ཀྱིས་བསྐྱངས། སླར་ཡང་བསྟན་པ་ཡང་དར་གྱི་སྐབས་སུ་གནས་རི་གླིང་ཕུ་ནུ་སུམ་ཅུའི་སྒྲུབ་ཕུག་བྲག་དཀར་རྡོ་རྗེ་རྫོང་གི་ཉེ་འདབས་ལ་ཕྱི་ལོ་ ༡༩༨༣ ལོར་མཆོག་སྤྲུལ་བསྟན་པའི་ཉི་མས་དགོན་པར་དབང་ཆོས་གནང་ཞིང་དགོན་ས་གཟིགས་ནས་འདུ་ཁང་དང་གྲྭ་ཁང་བཞེངས་འགོ་བཙུགས། དགོན་བདག་བླ་མ་ཨོ་རྒྱན་རྡོ་རྗེ་དང་བླ་མ་སྐལ་བཟང་རྣམ་རྒྱལ། བླ་མ་ཚུལ་སྐྱབས་བཅས་ཀྱིས་དགོན་བདག་གནང་། འདུ་ཁང་ཆེ་ཆུང་གསུམ་དང་གྲྭ་ཤག་ ༦༨ སྤྱིའི་གྲྭ་ཚང་ ༡༣༠ བཤད་སྒྲུབ་རྒྱུན་བཞུགས་ཀྱི་གྲྭ་པ་ ༨༠ སློབ་ཞུགས་གྲྭ་ཆུང་ ༣༠ ཡོད།

{{#arraymap:གསང་རི་དགོན་

|; |@@@ | | }}