13139

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། གསང་སྔགས་ཀྱི་གཞུང་ལུགས་གལ་ཆེན་ཞིག་སྟེ་གསས་མཁར་གསང་བ་སྒོ་དགུའི་གཙོ་བོ་ཡིན་པར་བཤད། དེ་ཡང་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་བོན་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ཐམས་ཅད་ཀྱི་རྩ་བ་ཡིན་པར་གསུངས་ལ་སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ནང་ཚན་ཡུམ་རྒྱུད་ཡིན། འདི་ཉིད་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ལྷ་གནས་སུ་འཁོར་ལྷ་མོ་བསེན་ཐུབ་མ་ལ་གསུངས་པས་གཞུང་འདིའི་མཚན་ལ་ཡང་བསེན་ཐུབ་ཀྱི་རྒྱུད་ཅེས་གྲགས་སོ། །གཞུང་འདིའི་བརྗོད་བྱའི་གཙོ་བོ་ནི། ལེའུ་སུམ་ཅུ་སོ་གཅིག་གི་སྒོ་ནས་བསྟན་པ་ཞིག་སྟེ། དེ་ཡང་གཞི་རྩ་ངོས་བཟུང་བའི་ལེའུ་དང་པོ། གསས་མཁར་སྤྱི་སྤུངས་དེ་ཁོ་ན་ཉིད་ཀྱི་ལེའུ་གཉིས་པ། དྲེགས་པ་ཕོ་མོ་བསེན་དུ་བཟུང་བའི་ལེའུ་གསུམ་པ། ཐེ་ཚོམ་གྱི་མི་ལྟ་བཞི་བཅུ་རྩ་གཉིས་བསྟན་པའི་ལེའུ་བཞི་པ། ཐེག་དགུའི་ལྟ་བ་བསྟན་པའི་ལེའུ་ལྔ་པ། ལྟ་བ་ལ་དོར་བའི་ལེའུ་དྲུག་པ། སྤྱོད་པ་དོན་གྱི་ལེའུ་བདུན་པ། གསས་མཁར་རབ་ཏུ་དབྱེ་བའི་ལེའུ་བརྒྱད་པ། སྒྱུ་འཕྲུལ་གསང་སྤྱོད་ཀྱི་ལེའུ་དགུ་པ། བྱེ་བྲག་གྲངས་ཀྱི་སྤྱོད་པ་རྫུ་འཕྲུལ་དམིགས་མེད་ཀྱི་ལེའུ་བཅུ་པ། མན་ངག་གཞུང་ལས་ཀྱི་ཏིང་ངེ་འཛིན་དགུ་བསྟན་པའི་ལེའུ་བཅུ་གཅིག་པ། སོ་སོར་སྡུད་པ་སེམས་གནས་ཀྱི་ལེའུ་བཅུ་གཉིས་པ། ཐིག་ལེ་རོལ་པ་ཐབས་ཀྱི་ལེའུ་བཅུ་གསུམ་པ། ཐིག་ལེ་མཉམ་པར་བཞག་པའི་ལེའུ་བཅུ་བཞི་པ། རིག་པ་རྒྱུན་གྱི་ལེའུ་བཅོ་ལྔ་པ། འཕྲང་དགུ་མཐའ་བསལ་བའི་ལེའུ་བཅུ་དྲུག་པ། དགོངས་པ་རང་བཞིན་བསྟན་པའི་ལེའུ་བཅུ་བདུན་པ། བཅིངས་བཀྲོལ་མེད་པའི་ལེའུ་བཅོ་བརྒྱད་པ། ངེས་དོན་རྨད་དུ་བྱུང་བའི་ལེའུ་བཅུ་དགུ་པ། དམ་ཚིག་བསྲུང་བའི་ཡུལ་བརྒྱད་དང་བཅུ་གཅིག་གི་ལེའུ་ཉི་ཤུ་པ། ལེན་པ་སོ་སོའི་ལེའུ་ཉེར་གཅིག་པ། ཁྱད་པར་གྱི་དམ་ཚིག་བསྟན་པའི་ལེའུ་ཉེར་གཉིས་པ། དམ་ཚིག་གི་སྐྱོན་ཡོན་བསྟན་པའི་ལེའུ་ཉེར་གསུམ་པ། དམ་ཚིག་གི་རང་བཞིན་བསྟན་པའི་ལེའུ་ཉེར་བཞི་པ། དབལ་མོ་ལས་ཀྱི་ཐིག་ལེ་སྒྱུ་འཕྲུལ་གྱི་ལེའུ་ཉེར་ལྔ་པ། རྒྱས་འབྲིང་བསྡུ་བ་བཏང་བཞག་གི་ལེའུ་ཉེར་དྲུག་པ། མཚན་དཔེ་རྟགས་ཀྱི་ལེའུ་ཉེར་བདུན་པ། ཁྲོ་བོ་དབང་ཆེན་ལས་ཀྱི་རིམ་པ་མངོན་དུ་ཕྱུང་བའི་ལེའུ་ཉེར་བརྒྱད་པ། བསྒྲུབ་པའི་ཡན་ལག་བསྟན་པའི་ལེའུ་ཉེར་དགུ་པ། དངོས་གྲུབ་ཀྱི་ལེའུ་སུམ་ཅུ་པ། རྒྱུད་གདམས་པའི་ལེའུ་སོ་གཅིག་པ་བཅས་སྤྱི་བསྡོམས་ལེའུ་སུམ་ཅུ་རྩ་གཅིག་གི་བདག་ཉིད་ཅན་ཞིག་གོ ། གཞུང་འདི་ཉིད་དར་ནུབ་ཀྱི་བརྒྱུད་རིམ་ནི། ཞང་བོད་ཀྱི་ལྗོངས་སུ་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་རིང་དུ་དར་རྒྱས་སུ་བྱུང་ཡོད་ཅིང་། བར་གྱི་ལྡིང་གཉིས་ལས་གྲི་གུམ་བཙད་པོའི་སྐབས་སུ་བོན་བསྟན་ལ་གོད་ཆགས་སོང་སྐབས་སུ་སྟང་ཆེན་དམུ་ཚ་གྱེར་མེད་དང་བླ་ཆེན་དྲན་པ་ནམ་མཁའ་གཉིས་ཀྱིས་བྱང་དང་ར་ཁྱུང་རྫོང་དུ་གཏེར་དུ་སྦས། ཕྱིས་སུ་བོན་བསྟན་ཕྱི་དར་སྐབས་སུ་རིག་འཛིན་གྱེར་མི་ཉི་མ་འོད་ཟེར་གྱིས་ལུང་བསྟན་ལྟར་སྤྲུལ་སྐུ་སྨ་སྟོན་སྲོལ་འཛིན་གྱིས་གོང་གསལ་གཏེར་གནས་དེ་ནས་གཏེར་དུ་བཞེས་ནས་ད་ལྟའི་བར་དར་བཞིན་མཆིས་སོ། །འདིའི་འགྲེལ་བ་ལ་ཡང་གཡས་རུའི་སྟོན་པ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་བྱོན་པ་སྟོན་པ་རབས་བརྒྱད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་ཆེན་པོ་གསང་བ་གསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ཞེས་པ་མཛད་དོ། །དེ་ཡང་བོན་གྱི་གྲྭ་ས་དང་དགོན་སྡེ་ཁག་ཏུ་གསང་སྔགས་ཀྱི་སྐོར་ལ་སྦྱང་བྱའི་གཞུང་གལ་ཆེན་ཞིག་ཀྱང་ཡིན་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་

|; |@@@ | | }}