13359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༧༨༠ ལོར་མདོ་སྨད་ཨ་རིག་ཆུ་སྟོད་དུ་ཡབ་ནོའི་རིགས་དང་། ཡུམ་ཛ་ཏི་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་རབ་ཏུ་བྱུང་། མཚན་ལ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་གསོལ། བཅུ་གསུམ་པར་ར་རྒྱ་སྒར་གྱི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། ཉི་ཤུ་པར་ཤིང་བཟའ་བློ་བཟང་དར་རྒྱས་ཀྱི་དྲུང་ནས་བསྙེན་པར་རྫོགས། ཤིང་བཟའ་རྡོ་རྗེ་འཆང་དང་དར་ར་བླ་དངོས་གྲུབ་རྒྱ་མཚོ་སོགས་བསྟེན། མདོ་སྔགས་ཀྱི་དབང་ལུང་མང་དུ་གསན། ཉེར་དྲུག་པར་དབུས་གཙང་དུ་ཕེབས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་མཇལ། ཆོས་འབྲེལ་ཞུས། རང་ཡུལ་དུ་ཕྱིར་ཕེབས། ར་རྒྱའི་ཉེ་འགྲོ་རྒོད་པོ་རྫོང་དང་། གསེར་ཁང་རྩེའི་སྒྲུབ་གནས་སོགས་གནས་ཆེན་བརྒྱད་ལ་སྐུ་མཚམས་བཞུགས། བྱ་ཁྱུག་དགོན་དང་། རོང་པོ་དགོན་ཆེན། ལ་མོ་བདེ་ཆེན་སོགས་སུ་གཞུང་ཆེན་བཀའ་ཁྲིད་དང་། དབང་ལུང་མན་ངག་མང་དུ་གནང་། རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ཕྱི་ལོ་ ༡༨༤༨ ལོར་སྤང་ལུང་རི་ཁྲོད་དུ་སྐུ་གཤེགས། གསུང་རྩོམ་ནི་བདེ་གསང་འཇིགས་གསུམ་གྱི་བསྙེན་ཆེན་སོགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་སྟེང་ནས་བསགས་ཚུལ་ནག་འགྲོས་སུ་བཀོད་པ་མཆོག་དམན་ཀུན་གྱི་ཁྱེར་བདེ་དངོས་གྲུབ་ཀུན་འབྱུང་དང་། བདེ་མཆོག་ས་ཨི་པའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་བདེ་ཆེན་འབྱུང་གནས་བཅས་ཆོས་ཙན་བཅོ་ལྔ་ལོངས་པའི་པོད་གཅིག་བཞུགས།

{{#arraymap:གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}