13422

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོར་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང་ཡུམ་ཚེ་མདོ་གཉིས་ཀྱིས་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ། ཚེ་དཔག་སྐྱབས་ཞེས་གསོལ། གསུམ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་དགེ་བསྙེན་མནོས། མཚན་ལ་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཞེས་བསྩལ། གསེར་ཏོག་དགོན་དུ་གདན་སར་བཀོད། ལྔ་པར་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་བཅས་ལ་ལེགས་པར་སྦྱངས། བདུན་པར་ཆུ་བཟང་དགོན་དུ་ཕེབས། ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། བརྒྱད་པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད། ཞིང་སྐྱོང་ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་ཡོངས་འཛིན་དུ་བསྟེན། རྒྱན་འཇུག་དང་། བསྡུས་གཞུང་། རྣམ་འགྲེལ། གྲུབ་མཐའ་ཆུང་བ། དོན་བདུན་ཅུ། དྲང་ངེས་རྣམ་འབྱེད། དབུ་མ་ལུང་རིགས་སྒྲོན་མ་བཅས་ལ་སྦྱངས། བཅུ་གསུམ་པར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། བཅུ་དྲུག་པར་ཉིན་གསུམ་རིང་བསྡུས་གྲྭའི་དམ་བཅའ་བཞག ཉི་ཤུ་པར་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་སོགས་ལས་བསྙེན་པར་རྫོགས། ཉེར་གཅིག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། དབྱངས་ཐིག་གར་གསུམ་དང་བཅས་པར་ལེགས་པར་སྦྱངས། ཉེར་གཉིས་པར་རྒྱུད་པ་མཁན་པོའི་ཁྲིར་ཕེབས། ཉེར་གཉིས་པར་མཆོད་རྟེན་སྐེས་དགོན་པ་དང་། ཁྲི་ཀ་གོང་བ་གྲྭ་ཚང་། རྭ་རྒྱ་དགོན། མགོ་ལོག མཚོ་སྔོན་ཁུར་ལུགས་ཕྱོགས་སུ་ཞབས་ཀྱིས་བཅགས། ཆོས་ཀྱི་འཁོར་ལོ་བསྐོར། ཉེར་བདུན་པར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། ཁྲི་ཟུར་རྗེས་ཁལ་ཁ་དང་། ཨུ་ཅུ་མུ་ཆིན་སོགས་སུ་ཕེབས། རྒྱ་ནག་པེ་ཅིང་དང་རི་བོ་རྩེ་ལྔ་སོགས་སུ་བྱོན། གནས་མཇལ་བསྙེན་བཀུར་སྨོན་འདུན་མཛད། སོ་བདུན་པར་བྱ་ཁྱུང་དགོན་པའི་གདན་སའི་ཁྲིར་ཕེབས། ལོ་གཅིག་ལྷག་ཙམ་གྱི་རིང་ལ་འགྲིག་ལམ་དང་། འཆད་ཉན་སྐོར་ལ་དོ་དམ་མཛད། སྐུ་འབུམ་དགོན་དང་། བྱ་ཁྱུང་དགོན། ཁྱུང་ཀྱཱ་དགོན། བཱ་ཡན་སྨད་ཐའི་དགོན། གསེར་ཏོག་དགོན་བཅས་ལ་རྟེན་དང་བརྟེན་པ་མང་དུ་བཞེངས། ང་དགུ་པར་ཨན་འཇའ་སུ་ཞབས་དྲུང་དང་། ཆ་དཀར་ཞབས་དྲུང་། ཨ་བ་གྷ་ཞབས་དྲུང་། གྲུ་ཀྱཱ་ཞབས་དྲུང་། ཕ་བཞིས་ཞབས་དྲུང་། བྲག་ལུང་ཞབས་དྲུང་། ཡང་ཀྱཱ་ཞབས་དྲུང་། ཞལ་དཀར་ཞབས་དྲུང་། ཕུན་ཚོགས་གླིང་ཞབས་དྲུང་བཅས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་སྒོ་ནས་དབང་ཆེན་མང་པོ་གནང་། དོན་གཅིག་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ཕྱི་ལོ་ ༡༩༡༥ ལོར་སྐུ་གཤེགས། སྐུ་འབུམ་དགོན་པའི་གདན་སའི་ཁྲི་ཆེན་དྲུག་ཅུ་རེ་གསུམ་པ་དང་། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བདུན་ཅུ་དོན་དགུ་པ་ཡིན། གསུང་རྩོམ་ནི་ནང་དོན་རིག་པ་དང་ཐུན་མོང་རིག་གནས་བཅས་ཀྱི་སྐོར་ལ་ཆོས་ཚན་བརྒྱ་དང་དགུ་བཅུ་གོ་གཉིས་བཞུགས།
Synonyms བློ་བཟང་ཐུབ་བསྟན་རྒྱ་མཚོ།

{{#arraymap:གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་

|; |@@@ | | }}