13901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༨ ལོར་གཙང་གཡས་རུ་བདེ་རྒྱས་བྱེ་མ་གླིང་གི་གཙུག་ལག་ཁང་གི་ཉེ་འདབས། བརྒྱ་མཁར་ཞེས་པའི་ཡུལ་དུ་ཡབ་ཚེ་རིང་དཔལ་འབྱོར་དང་། ཡུམ་འཛོམས་ཆོག་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། བྱིས་དུས་ཀྱི་མིང་ལ་བཀྲ་ཤིས་དོན་གྲུབ་ཅེས་འབོད། དགུ་པ་མེ་བྱི་ལོར་ཁ་བ་བློ་བཟང་བརྩོན་འགྲུས་ལས་རབ་ཏུ་བྱུང་། མཚན་ལ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་བསྩལ། དབེན་དགོན་དུ་བཞུགས། ཆོས་སྤྱོད་ཐུགས་འཛིན་དང༌། ཡི་གེ་འབྲི་ཀློག་ལ་བྱང་ཆུབ་པར་མཛད། བཅུ་པ་མེ་གླང་ ༡༧༥༧ ལོར་ཡེ་ཤེས་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། བཀྲ་ཤིས་ལྷུན་པོར་ཆོས་སྤྱོད་སོགས་ཀྱི་རྒྱུགས་ལེགས་པར་ཕལ། ཚོགས་ཆེན་ངག་འདོན་གྱི་རིམ་པ་དང་། གྲྭ་ཚང་གི་ཆོས་སྤྱོད་རྣམས་ལེགས་པར་སྦྱངས། དཀྱིལ་ཁང་གྲྭ་ཚང་དུ་ཚད་མའི་སྐོར་སོགས་ལ་སྦྱངས། དཀའ་བཅུའི་མཚན་རྟགས་བཞེས། སློབ་དཔོན་རིན་ཆེན་དགེ་སློང་ཆོས་རྗེ་ལས་སྒྲ་དང་སྡེབ་སྦྱོར་སྦྱངས། ཤིང་ལུག་ ༡༧༧༥ ལོར་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། དཔལ་འབྱོར་ལྷུན་པོའི་རི་ཁྲོད་སོགས་གནས་དབེན་པ་ལོ་བཅུ་བཞིའི་རིང་བསྟེན། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་གོ་བ་མཐར་ཕྱིན། ཞེ་ལྔ་པར་དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་དུ་བསྐོས། ཞེ་བརྒྱད་པར་རྒྱུད་པ་གྲྭ་ཚང་གི་སློབ་དཔོན་མཛད། ཞེ་དགུ་པར་པཎ་ཆེན་བློ་བཟང་བསྟན་པའི་ཉི་མའི་ཡོངས་འཛིན་མཛད། དེ་གུ་གེ་ཡོངས་འཛིན་ཞེས་པའི་མཚན་སྙན་ཐོབ། གསུང་རྩོམ་ནི་ཡོངས་འཛིན་ཡོན་ཏན་རྒྱལ་མཚན་གྱི་རྣམ་ཐར་གསོལ་འདེབས་དང་། བླ་བརྒྱུད་གསོལ་འདེབས། འཁོར་ལོ་སྡོམ་པའི་དབང་བཤད། ཁྱུང་ནག་གི་ལས་ཚོགས། སྐྱེས་རབས་སོ་བཞི་པའི་འགྲེལ་བ་བཅས་ཆོས་ཚན་དོན་གཉིས་ཡོད་པ་པོད་ལྔ་རུ་བསྡུས་ནས་བཞུགས།

{{#arraymap:གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}