13939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཕུ་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་ངག་དབང་ཕྲིན་ལས་ཀུན་ཁྱབ་ (1)
Part of speech མིང་ཚིག
Definition ཁོང་ནི། མཚོ་སྔོན་ཡུལ་ཤུལ་རྫོང་ཟུར་མང་ཡུལ་གྲོང་ཚོ་རུ། ཡབ་ཨ་གོན་དགའ་སྤྲོ་དང་ཡུམ་ལྡོང་བཟའ་དགྱེས་སྐྱིད་གཉིས་ཀྱི་སྲས་སུ་ལྕགས་ཁྱི་ ༡༩༧༠ ལ་སྐུ་བལྟམས། ཁང་སྟེང་དུ་སྨྱུག་ཕུང་སྐྱེས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། འཁྲུངས་ནས་ཟླ་གསུམ་ཙམ་ནས་ཕྱག་ན་པདྨོའི་སྙིང་པོ་ཡི་གེ་དྲུག་མ་དག་པར་ཞལ་འདོན་མཛད་པས་ཉེ་སྐོར་གྱི་མི་རྣམས་ཧ་ལས་པར་གྱུར། སྐུ་ན་ཆུང་བའི་དུས་ན་བྱིས་པའི་སྤྱོད་པ་རྩེད་མོ་དང་འབྲེལ་མེད་ཀྱི་གཏམ་སོགས་ལ་ཐུགས་མི་དགྱེས་པར། ངང་རྒྱུད་བརྟན་པ། ཤེས་རབ་དང་སྙིང་རྗེ་ཆེ་བ་བཅས་སྐྱེས་བུ་དམ་པའི་རྟགས་དུ་མ་དང་ལྡན་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དགུང་ལོ་བཞི་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་གསན། དགུང་ལོ་བཅུ་དྲུག་ཐོག་༧རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་དང་། ངོར་ཨེ་ཝཾ་ཆོས་ལྡན་མཁན་ཆེན་ལས་ཐོག་ཐུབ་བསྟན་སྙིང་པོ་ཟུང་གིས། གུ་ཕུ་མཁྱེན་བརྩེ་ངག་དབང་ཆོས་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བཅོ་བརྒྱད་ཐོག ཨ་བོ་སྙན་གྲགས་སྤྲུལ་སྐུ་དང་། འཛི་སྒར་མཁན་ཆེན་དོན་བརྒྱུད་ཉི་མ་བཅས་ཀྱིས་གུ་ཕུ་དགོན་གྱི་ཁྲི་ལ་མངའ་གསོལ་ཞིང་། མཁྱེན་བརྩེ་ངག་དབང་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་མཚན་གསོལ། ཁམས་སྒར་ནས་འབྲོང་པ་སྤྲུལ་སྐུའི་མདུན། དོན་བརྒྱུད་འབྲུག་པའི་ཉམས་ལེན་འཕྲལ་དགོས་ཀྱི་ཆོས་བཞི་སོགས་དབང་ལུང་རྣམས་གསན། ས་སྐྱའི་བླ་མ་གདོང་རིག་འཛིན་ཀུན་དགའ་རྡོ་རྗེ། ཡོངས་འཛིན་རྟོགས་ལྡན་བསོད་ནམས་བསྟན་འཛིན། ནང་ཆེན་སྐྱབས་མགོན་ཨ་ལྡེའུ་རིན་པོ་ཆེའི་སོགས་ཀྱི་མདུན་ནས། འབྲུག་ལུགས་ཀྱི་ཕྱག་ཆེན་སྔོན་འགྲོ་གཙོས་ཆོས་བཀའ་མང་དུ་གསན། ཨ་ལྡེའུ་རིན་པོ་ཆེས། དཔལ་ལྡན་ངག་དབང་དོན་བརྒྱུད་ཆོས་ཀྱི་རྒྱལ་མཚན་ཞེས་མཚན་གསོལ། དེ་ཉིད་ཀྱི་མདུན་ནས་སྔ་ཕྱི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་ཐབས་སྐོར་ལྔ། ཉམས་ལེན་འཕྲལ་དགོས་ཀྱི་ཆོས་བཞི། རྒྱུད་རྡོ་རྗེ་ཕྲེང་བ། སྒྲུབ་ཐབས་བརྒྱ་རྩ་སོགས་སྨིན་བྱེད་ཀྱི་དབང་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང་། འབྲུག་ལུགས་ཀྱི་འཕོ་བ་བཅས་གྲོལ་བྱེད་ཀྱི་ཁྲིད། ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་སོགས་རྒྱབ་རྟེན་གྱི་ལུང་། རྟོགས་ལྡན་ཨ་འཕྲིན་མདུན་ནས་གྲུབ་དབང་ཤཱཀྱ་ཤྲཱིའི་སྙན་རྒྱུད་གསང་བའི་མཐར་ཐུག་ལམ་ཟབ་འཕོ་བའི་ཁྲིད་ལུང་བཅས་དང་། ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མདུན་ནས་ས་ལུགས་ཀྱི་ཀྱཻ་རྡོ་རྗེ། རྡོ་རྗེ་འཇིགས་བྱེད་སོགས་ཀྱི་དབང་། ཡུལ་ཤུལ་ཁུལ་ནང་བསྟན་སློབ་གླིང་སོགས་ནས་ཐུན་མོང་གི་རིག་གནས་བཅས་ལ་གསན་བསམ་མཛད། རྒྱུན་དུ་བྲིས་དང་རྒྱ་ཡིག་ལ་རང་སྦྱོང་གནང་བས་ཚེགས་མེད་དུ་མཁྱེན། སིང་གྷ་པུར་དང་། མ་ལེ་ཤི་ཡ་སོགས་སུ་ལན་གྲངས་ཕེབས་ཏེ། ད་ལྟ་དགོན་པ་སླར་གསོ་མཛད་པ་སོགས་བསྟན་འགྲོའི་དོན་བྱེད་བཞིན་བཞུགས་པའོ། །

{{#arraymap:གུ་ཕུ་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་ངག་དབང་ཕྲིན་ལས་ཀུན་ཁྱབ་

|; |@@@ | | }}