14407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོ་འཇོ་བྲག་འགོ་དགོན་ (1)
Part of speech མིང་ཚིག
Definition གཏེར་ཆེན་དྲི་མེད་འོད་ཟེར་རམ་པདྨ་མི་འགྱུར་ཐུགས་མཆོག་གླིང་པའི་སྲས་ཆེ་བ་བདེ་ཆེན་རྣམ་རྒྱལ་གྱིས་བཏབ། དེ་ནས་རིམ་པ་བཞིན་རྒྱལ་བ་ཀཿཐོག་པས་བླ་བསྐོས་ཕེབས་ཏེ་གདན་ས་བསྐྱངས། དུས་འགྱུར་སྐབས་སུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་དགོན་འདི་ལ་ཆག་འཇིག་མང་དུ་བྱུང་། སླར་ཡང་ཆོས་སྒོ་ཕྱེས་པ་ནས་བཟུང་ཀཿཐོག་མཁན་རྒན་རྒྱལ་མཚན་འོད་ཟེར་རིན་པོ་ཆེས་གཏེར་སྲས་རིག་འཛིན་རྒྱལ་པོ་ལ་ཞལ་བསྒོས་གནང་སྟེ། བྲག་འགོ་དགོན་སླར་གསོ་གནང་སྟེ་ཡུན་རིང་བཞུགས། ཁོང་གིས་ཀཿཐོག་པ་ལ་བླ་བསྐོས་བཏང་དགོས་པའི་རེ་ཞུས་ཕུལ་ནའང་ཕྱི་བཤོལ་དུ་སོང་བས། དགོན་པ་འཐོར་བརླག་ཏུ་སོང་ནས་ཡུན་རིང་སོང་བ་ལ། དངུལ་ར་མཆོག་སྤྲུལ་ཐེག་མཆོག་བསྟན་པ་དར་རྒྱས་རིན་པོ་ཆེའི་སྲས། ཀུན་བཟང་ཆོས་ཉིད་ཀྱིས་དགོན་པ་སླར་གསོ་མཛད།

{{#arraymap:གོ་འཇོ་བྲག་འགོ་དགོན་

|; |@@@ | | }}