14547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོང་སྨན་དཀོན་ཅོག་ཕན་དར་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ལྕགས་ལུག་ཕྱི་ལོ་ ༡༥༡༡ ལོར་གཙང་ས་སྐྱར་ཡབ་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་ཇོ་བཙུན་ཆོས་སྐྱོང་བཟང་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུའི་ཐོག་སྐུ་ཞང་དཀོན་ཅོག་བདེ་ལེགས་བསྟེན། ཡི་གེ་འབྲི་ཀློག་ལ་སློབ་གཉེར་མཛད། གོང་སྨན་དཀོན་ཅོག་བདེ་ལེགས་ལས། གསོ་བ་རིག་པ་དཔྱིས་ཕྱིན་པར་སྦྱངས། གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་། ཁྱད་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟེན་ནས་འགྲོ་དོན་བསྐྱངས། ཉེར་ལྔ་པར་ལྕེ་སྨན་རྒྱལ་མཚན་གྱི་གདན་སར་བཞུགས། ས་སྐྱ་སྨན་གྲོང་དུ་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ཀྱི་དྲུང་ནས་བརྒྱད་པ་དང༌། མན་ངག་གསེར་བྲེ། དངུལ་བྲེ། བདུད་རྩི་བུམ་ཆེན་སོགས་ལུང་དང་མན་ངག་དུ་མ་གསན། གོང་སྨན་དཀོན་ཅོག་བདེ་ལེགས་གཤེགས་རྗེས་སྡེ་སྲིད་སེང་གེ་རྩེའི་བླ་སྨན་ཕྱག་ཕྱིར་ལོ་ཤས་བཞུགས། ལ་སྟོད་ལ་ཕྱིར་ལོག གསུང་རྩོམ་རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ་དང༌། གསོ་རིག་དགོས་འདོད་བྱུང་བ་ནོར་བུའི་ཕྲེང་བ། ཉམས་ཡིག་བརྒྱ་རྩ། གསོ་རིག་དགོས་པ་དོན་བསྡུས་མེ་ལོང་མཐོང་གསལ་སོགས་བརྩམས། རྒྱུད་འཛིན་གྱི་སློབ་མ་མངའ་རིས་པ་བདེ་ཆེན་དང༌། མང་མཁར་བདེ་གླིང་པ། ཉི་མ་གྲོགས་སོགས་ཀྱིས་གཙོས་བུ་སློབ་བཞི་བརྒྱ་ལྷག་ཙམ་བྱུང༌། རེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་པའི་མེ་བྱི་ཕྱི་ལོ་ ༡༥༧༦ ལོར་གཤེགས།

{{#arraymap:གོང་སྨན་དཀོན་ཅོག་ཕན་དར་

|; |@@@ | | }}