14574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོམ་བུ་ཉོལ་གྱི་འགྲོས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གོམ་བུ་ཉོལ་གྱི་འགྲོས་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། ལྔ་པ་ཀྲི་ཡའི་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། ལྔ་པ། གོམ་བུ་ཉོལ་འགྲོས་ཏེ། རྟ་གོམ་པའི་འགྲོས་སུ་མགྱོགས་པར་འགྲོ་བ་ལྟར་ཀྲིཡ་པས་མཉམ་པ་ཉིད་མཐོང་བའི་སྟེང་དུ། ཀུན་རྫོབ་ཏུ་ལྷའི་སྐུ་གསུང་ཐུགས་མཚན་ལ་དམིགས་ཤིང་གཙང་སྦྲ་ལ་སོགས་པའི་ཐབས་དང་བཅས་པས་ཚོགས་གཉིས་མྱུར་དུ་རྫོགས་པའི་ཐབས་མཁས་དང་ལྡན་པས་ཕར་ཕྱིན་ཐེག་པ་ལས་ལམ་བགྲོད་པ་མྱུར་བས་འགྲོས་འདི་དང་མཚུངས་པར་སྦྱར་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གོམ་བུ་ཉོལ་གྱི་འགྲོས་

|; |@@@ | | }}