14772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ང་ཡི་བར་འཛིན་པའི་འཇིག་ལྟ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། འཇིག་ལྟ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། རང་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ཀྱི་ང་ཙམ་ལ་དམིགས་ནས་མིག་སོགས་ང་ཡི་བ་ལ་ལོངས་སྤྱོད་པ་པོར་རང་ངོས་ནས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། འཇིག་ལྟ་གཉིས་པོ་དེའི་དམིགས་ཡུལ་གྱི་གཙོ་བོ་གང་ཟག་ཡིན་པར་མཚུངས་ཀྱང༌། དེ་གཉིས་ཀྱི་དམིགས་པར་འཇོག་ཚུལ་མི་འདྲ་བའི་ཁྱད་པར་ཡོད་དེ། ངར་འཛིན་པའི་འཇིག་ལྟ་དེ་ང་ཙམ་ལ་དམིགས་ནས་ང་རང་ངོས་ནས་གྲུབ་པར་འཛིན། ང་ཡི་བར་འཛིན་པའི་འཇིག་ལྟ་དེས་ང་ཙམ་ལ་དམིགས་ནས་མིག་སོགས་ང་ཡི་བ་ལ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་ཕྱིར། དེར་ཐལ། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་གསུངས་པའི་ཕྱིར་དང༌། རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར། ཞེས་དང་། མིག་སོགས་ང་ཡི་བར་འཛིན་པའི་འཇིག་ལྟའི་དམིགས་པའི་གཙོ་བོ་མ་ཡིན་ཀྱང་དམིགས་པ་ཙམ་ཡིན་ཏེ། དེ་དག་ལ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པ་ལ་དེ་དག་ལ་དམིགས་དགོས་པའི་ཕྱིར། དེར་ཐལ། སྐྱེས་བུ་འདི་ནི་དབྱུག་པ་ཅན་ནོ་སྙམ་དུ་འཛིན་པ་ལ། སྐྱེས་བུའི་དབྱུག་པ་ལ་དམིགས་དགོས་པའི་ཕྱིར། དེར་ཐལ། འགྲེལ་ཆུང་ལས། ཁྱད་པར་མ་བཟུང་བར་ཁྱད་པ་ཅན་གྱི་བློ་མི་སྐྱེའོ། །ཞེས་གསུངས་པའི་ཕྱིར། མིག་སོགས་ང་ཡི་བ་རྣམས་དེའི་དམིགས་ཡུལ་གྱིི་གཙོ་བོ་མ་ཡིན་ཏེ། ང་ཡི་བར་འཛིན་པའི་འཇིག་ལྟས་དེ་དག་རང་ངོས་ནས་གྲུབ་པར་ཡང་མི་འཛིན། ལོངས་སྤྱད་བྱར་བདེན་པར་ཡང་མི་འཛིན་པའི་ཕྱིར། ཞེས་དང་། ང་ཡི་བ་འཛིན་པའི་འཇིག་ལྟ་དེས་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་འཛིན་ཀྱང་ང་ཡི་བ་ལ་དམིགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་དམིགས་མེད་ཀྱི་སྙིང་རྗེ་དེས་དམིགས་པའི་གཙོ་བོ་སེམས་ཅན་དང༌། དེ་རང་བཞིན་མེད་པ་ལའང་དམིགས་ཀྱང་སེམས་ཅན་རང་བཞིན་མེད་པ་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་དུ་མི་འཛིན་པའི་ཕྱིར། དེས་སེམས་ཅན་རང་བཞིན་མེད་པ་ལ་དམིགས་པ་ཡིན་ཏེ། དེ་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། སྙིང་རྗེ་གསུམ་པོ་དམིགས་ཡུལ་གྱི་གཙོ་བོ་དེའི་སྒོ་ནས་འཇོག་པ་ཡིན་ཞིང༌། འཛིན་སྟངས་མི་མཐུན་པའི་སྒོ་ནས་མི་འཇོག་པར་གསུངས་པའི་ཕྱིར། བདག་གི་བ་ལ་བདེན་པར་མངོན་པར་ཞེན་པར་གསུངས་པའི་དོན་ཡོད་དེ། མིག་སོགས་བདག་གི་བར་སྣང་ནས་ང་དེ་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་དོན་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
Synonyms བདག་གིར་འཛིན་པའི་འཇིག་ལྟ། ང་ཡི་བར་འཛིན་པའི་འཇིག་ལྟ། ང་ཡི་བ་འཛིན་པའི་འཇིག་ལྟ་རྣམས་སོ། །

{{#arraymap:ང་ཡི་བར་འཛིན་པའི་འཇིག་ལྟ་

|; |@@@ | | }}