14882

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་དབང་རྒྱལ་ (1)
Part of speech མིང་ཚིག
Definition ཤར་བར་འཁྲུངས། འཁྲུངས་ལོ་མི་གསལ། བྱིས་དུས་ཁྲི་ཆེན་བློ་གྲོས་རྒྱ་མཚོར་མཇལ། གཙུག་ཕུད་ཕུལ། མཚན་ལ་ངག་དབང་བློ་བཟང་ཞེས་བཏགས། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་ལས་རབ་ཏུ་བྱུང་། ཉེར་གཅིག་པར་དབུས་སུ་བྱོན། འབྲས་སྒོ་མང་དུ་ཞུགས། དགེ་འདུན་ཕུན་ཚོགས་སོགས་བསྟེན། བཀའ་པོད་ལྔར་སློབ་གཉེར་མཛད། གསང་ཕུར་དཀའ་བཅུའི་མིང་བཏགས་བཞེས། པཎ་ཆེན་རིན་པོ་ཆེ་ལས་བསྙེན་པར་རྫོགས། མདོ་སྨད་དུ་ཕེབས། ཆོས་བཟང་རི་ཁྲོད་དུ་ཡུན་རིང་བཞུགས། དགོན་ལུང་བྱམས་པ་གླིང་གི་རྒྱུད་པའི་ཁྲིར་བཞུགས། འཆད་ཉན་མཛད། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་དགོན་དེའི་གདན་སའི་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། དགོན་པའི་འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་དོ་དམ་གནང། ཇ་ཚུལ་སོགས་ཀྱི་ཐེབས་སུ་ཇ་སྦག་ལྔ་བཅུ། དངུལ་སྲང་ཉིས་བརྒྱ་བཅས་སྤྱི་འཇོག་མཛད། འདས་ལོ་མི་གསལ། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ཉེར་དགུ་པ་ཡིན།
Synonyms ངག་དབང་བློ་བཟང་།

{{#arraymap:ངག་དབང་དབང་རྒྱལ་

|; |@@@ | | }}