14890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ཕྱི་ལོ་ ༡༦༦༠ ལོར་གསེར་ལྗོངས་ཁྲི་ཀའི་ཡུལ་གྱི་གནས་བདག་སྲིན་པོའི་ལྷ་ཞོལ་ཡང་བཟང་ཆོས་ཚ་ནས་འཁྲུངས། རྒྱལ་དབང་ལྔ་བས་ལ་མོ་བློ་གྲོས་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་བཟུང་། རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པའང་མནོས། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཁྲི་ཆེན་དཔལ་ལྡན་གྲགས་པ། ལ་མོ་གྲགས་པ་རྒྱ་མཚོ་སོགས་མཚན་ལྡན་དགེ་བཤེས་གཉེན་ལྔ་བཅུ་ལྷག་བསྟེན། མདོ་སྔགས་རིག་གནས་ཐས་བསམ་མཛད། དབུས་གཙང་དུ་སྔ་ཕྱི་ལན་ལྔ་ཙམ་བྱོན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ལ་མོའི་སྒར་གཞུང་ཨུ་རྒེ་ཁམས་གསུམ་རྣམ་རྒྱལ་དུ་གདན་དྲངས། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཀྱི་དབང་ལུང་མན་ངག་མས་བཞེས་མཛད། རྒྱལ་དབང་མཆོག་གི་གཙུག་ཕུད་ཕུལ། གཅན་ཚར་བསྔགས་པའི་ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་ཆོས་འཁོར་གླིང་བཏབ། ལ་མོ་བློ་བཟང་བཀྲ་ཤིས་དང་། ཞྭ་དམར་ངག་དབང་འཕྲིན་ལས་སོགས་ཀྱིས་བསྐྱངས། འདི་ནས་ཁྲི་ཆེན་བློ་བཟང་བསྟན་པའི་ཉི་མ་དང་། ཞྭ་དམར་པཎྜི་ཏ། ཐར་ཤུལ་རིན་པོ་ཆེ་སོགས་མང་དུ་བྱོན། ཇོ་བོ་ལོ་ཀི་ཤྭ་ར། རྗེ་ང་འདྲ་མ། རྩེའི་སྒྲོལ་མ་གསུང་འབྱོན་མ། བྱམས་པ་ཆོས་འཁོར་མ་སོགས་གདན་དྲངས། གསེར་གདུང་ཁྲུ་གསུམ་བཞེངས་པ། རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ ༡༧༢༨ ལོར་སྐུ་གཤེགས།

{{#arraymap:ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་

|; |@@@ | | }}

ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ (2)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༨༦ པ་དང་དགའ་ཁྲི་༨༧ པ་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི། ཨ་མདོ་ཅོ་ནེར་སྐུ་འཁྲུངས། སྐུ་ནར་སོན་པ་ན་དབུས་སུ་ཕེབས་ནས་སེར་སྨད་དང་རྒྱུད་སྟོད་དུ་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རབ་འབྱམས་ལ་ཐུགས་གཉེར་དཔྱིས་ཕྱིན་པར་མཛད། དེ་ནས་རིམ་བཞིན་བླ་དབུ་དང་མཁན་ཁྲིར་སོགས་ཕེབས། ཕྱི་ལོ་ ༡༩༠༨ ས་སྤྲེལ་ལོར་དགའ་ཁྲིར་ཕེབས་ནས་ཁྲི་ལོ་བདུན་སྐྱོང་བའི་མུར་དེ་གའི་ལྕགས་ཁྱི་ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་དམག་ཡོ་འཁྱོམ་སྐབས་བསྟན་འགྲོའི་བདེ་ཐབས་ཆེད་འཕགས་ཡུལ་དུ་ཕེབས་བཞུགས་རིང་སྲིད་སྐྱོང་ལས་ཚབ་གནང་བ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་ཤིན་ཏུ་རྒྱ་ཆེར་བསྐྱངས།

{{#arraymap:ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་

|; |@@@ | | }}