14891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ཕྱི་ལོ་ ༡༧༥༠ ལོར་མདོ་སྨད་ཅོ་ནེའི་འབྲོག་སྡེ་ཆེན་པོར་འཁྲུངས། བདུན་པར་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་ཏུ་བྱུང་། ཡི་གེའི་འབྲི་ཀློག་སྦྱངས། ཆོས་སྤྱོད་ཕལ་ཆེར་དང་། བདེ་གསང་འཇིགས་གསུམ། ཀུན་རིག ཚེ་མཆོག ཆོས་སྐྱོང་སྐོར་རྣམས་ཞིབ་ཏུ་སྦྱངས། བཅུ་གསུམ་པར་ཀིརྟི་བསྟན་པའི་རྒྱལ་མཚན་ལས་དགེ་ཚུལ་བསྒྲུབས། དག་ཡིག་དང་། སྙན་ངག མངོན་བརྗོད་སོགས་ཐ་སྙད་རིག་གནས་བསླབས། ཉི་ཤུ་བར་ཀིརྟི་བསྟན་པའི་རྒྱལ་མཚན་ལས་བསྙེན་པར་རྫོགས། ཉེར་དགུ་བར་དབུས་སུ་ཕེབས། སོ་དྲུག་པར་གདན་ས་ལུང་བཟང་རི་ཁྲོད་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་བཞེངས། རྗེའི་གསུང་འབུམ་དང་། གོང་མ་བློ་བཟང་བསམ་གཏན་མཆོག་གི་གསུང་རྣམས་གྲྭ་མང་རྣམས་ལ་བཤད་ཁྲིད་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ཕྱི་ལོ ༡༧༩༥ ལོར་སྐུ་གཤེགས།

{{#arraymap:ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}