14971

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངང་ (1)
Part of speech རྒྱན་ཚིག
Definition གཤིས་རྒྱུད་ཀྱི་དོན་ཏེ།
Example ངང་བཟང་ཡོན་ཏན་ལྡན་པའི་མིས། །དོན་ཆེན་འདུན་མ་ངང་གིས་སྒྲུབ། །ལྟ་བུ།

{{#arraymap:ངང་

|; |@@@ | | }}

ངང་ (2)
Part of speech རྒྱན་ཚིག
Definition རང་བཞིན་ནམ་གཤིས་ཀྱི་སྡོད་ལུགས་ཀྱི་མིང་སྟེ།
Example གནས་ལུགས་གཤིས་ཀྱི་ངང་ལ་བབ་ཀྱིས་བཞག་པ་གལ་ཆེ་ལྟ་བུ།

{{#arraymap:ངང་

|; |@@@ | | }}

ངང་ (3)
Part of speech རྒྱན་ཚིག
Definition རང་བཞིན་ཤུགས་ཀྱིས་འབྱུང་བའམ་རྩོལ་མེད་ལྷུན་གྲུབ་ཏུ་བྱུང་བ།
Example རྒྱ་མཚོ་ཆེན་པོ་ངང་གིས་འཁྱིལ་ལ་ཆུ་བོ་ཆེན་པོ་ངང་གིས་འབབ་ལྟ་བུ།

{{#arraymap:ངང་

|; |@@@ | | }}

ངང་ (1)
Part of speech གྲོགས་ཚིག
Definition ད་ལྟ་བ་སྟོན་པའི་སྒྲ་ཞིག་སྟེ།
Example སྐད་ཆ་བཤད་བཞིན་པའི་ངང་ཡིན་ལྟ་བུ།

{{#arraymap:ངང་

|; |@@@ | | }}

ངང་ (1)
Part of speech མིང་ཚིག
Definition བྱ་ངང་བ་ཡི་ཚིག་བསྡུས་པ།

{{#arraymap:ངང་

|; |@@@ | | }}