1538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༤༩ ལོར་མདོ་སྨད་རྩེ་གཞུང་གི་སའི་ཆར་ཡབ་སྔགས་འཆང་བདེ་ཆེན་དང༌། ཡུམ་ཇོ་མཐར་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ཀྱིས་འཕྲིན་ལས་རྡོ་རྗེ་ཞེས་པའི་མཚན་གསོལ། དགུང་ལོ་ལྔ་པར་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོས་རོང་པོ་ཆོས་རྗེའི་སྤྲུལ་སྐུར་ངོས་འཛིན་མཛད། མཚན་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ཞེས་སྩལ། དྲུག་པར་ཨ་ལགས་བསྟན་པ་ཡོངས་འཛིན་དུ་བསྟེན། ཡི་གེ་འབྲི་ཀློག་བསླབས། དགེ་བཤེས་ཐུབ་བསྟན་མཐའ་ཡས་ལས་མདོ་སྔགས་ཀྱི་གཞུང་མང་དུ་གསན། རྗེ་དཀོན་མཆོག་སྨོན་ལམ་བཟང་པོའི་མདུན་ནས་རབ་ཏུ་བྱུང༌། བརྒྱད་པར་རྗེ་དཀོན་མཆོག་སྨོན་ལམ་གྱི་མདུན་དུ་དགེ་ཚུལ་བསྒྲུབས། བཅུ་གཅིག་པ་ས་ལུག་ནས་བཟུང་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས། གཞུང་བཀའ་པོད་ལྔ་ལེགས་པར་སྦྱངས། ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༨༧༢ ལོར་རང་གི་གདན་སར་རྗེ་བཙུན་ངག་དབང་ཆོས་འཕེལ་མཆོག་གི་དྲུང་དུ་བསྙེན་པར་རྫོགས། ཉེར་ལྔ་པར་རྔ་བའི་ཡུལ་དུ་དགོན་གསར་བཏབ། དེའི་གདན་སར་བཞུགས་ཏེ་འཆད་ཉན་གྱི་སྲོལ་དར། རབ་འབྱམས་གཞུང་ལུགས་ལ་འབད་པས་ལྷུར་ལེན་མཛད་པས་མཁས་པའི་གྲགས་པ་ཐོབ། མདོ་སྨད་ཀྱི་དགོན་སྡེ་ཕལ་མོ་ཆེ་དང་སོག་ཡུལ་གྱི་དགོན་སྡེ་འགར་ཞབས་ཀྱིས་བཅགས། མཆོད་འབུལ་རྒྱ་ཆེན་པོ་མཛད། བཤད་གྲྭ་དང་སྒྲུབ་གྲྭ་བཙུགས། རྟེན་གསར་མང་དུ་བཞེངས། བསྟན་འགྲོ་ལ་སྨན་པའི་བྱ་བ་རྒྱ་ཆེན་པོ་བསྒྲུབས། ང་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་རང་དགོན་སྟག་ཚང་ལྷ་མོར་སྐུ་གཤེགས། གསུང་རྩོམ་ནི་རྣམ་ཐར་དང་། བླ་མའི་རྣལ་འབྱོར། བླ་བརྒྱུད་གསོལ་འདེབས། སྐྱབས་འགྲོའི་རྣམ་བཤད། བསླབ་བྱ། ལམ་རིམ་བསྡུས་དོན། བཅའ་ཡིག དབང་བཤད། སྒྲུབ་ཐབས། བསྐྱེད་རྫོགས་ཀྱི་ཆོ་ག་བཅས་པོད་ཆེན་བཅུ་གཉིས་བཞུགས།
Synonyms འཕྲིན་ལས་རྡོ་རྗེ།

{{#arraymap:ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་

|; |@@@ | | }}