15388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་འབྱུང་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ངེས་པར་འབྱུང་བའི་སྒྲུབ་པ་ལས། གང་གིས་ངེས་པར་འབྱུང་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པར་ངེས་པར་རྟོགས་པའི་རྣམ་པས་ངེས་པར་འབྱུང་ལ། གང་དུ་ངེས་པར་འབྱུང་བ་ནི་རྣམ་པ་གཉིས་ཏེ། སློབ་ལམ་མཐར་ཐུག་དང་། མི་སློབ་ལམ་མཐར་ཐུག་གོ ། དང་པོ་ནི་ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ་ཞེས་པས་བསྟན་ལ། གཉིས་པ་ནི་རྣམ་པ་ཐམས་ཅད་མཁྱེན་ཉིད་ཅེས་པས་བསྟན་ཏོ། །གང་གིས་ངེས་པར་འབྱུང་ཚུལ་ནི་དྲུག་སྟེ། སེམས་ཅན་དོན་དང་འབད་མེད་དང་། །ཞེས་སོགས་དྲུག་གིས་བསྟན་ཏོ། །དེ་ལྟར་ན་གང་གིས་ངེས་པར་འབྱུང་ཚུལ་དྲུག་དང་། གང་དུ་ངེས་པར་འབྱུང་བ་གཉིས་ཀྱི་དབྱེ་བས་ངེས་འབྱུང་སྒྲུབ་པ་རྣམ་པ་བརྒྱད་དུ་བསྟན་ཏོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་ཟབ་དོན་གནད་ཀྱི་ཟླ་འོད་ལས། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། རང་གི་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་མཚན་འཛིན་གྱི་བར་ཆད་མེད་པར་ངེས་པར་འབྱུང་བར་འགྱུར་བའི་དག་སའི་ཡེ་ཤེས། དབྱེ་ན། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་ནས་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པའི་བར་བརྒྱད། དང་པོའི་མཚན་ཉིད། རང་གི་ངེས་པར་འབྱུང་ས་ཆེན་པོ་གསུམ་དུ་མཚན་འཛིན་གྱི་བར་ཆད་མེད་པར་ངེས་པར་འབྱུང་བར་འགྱུར་བའི་དག་སའི་ཡེ་ཤེས། དེས་གཞན་རྣམས་ལ་ཡང་འགྲེའོ། །ཞེས་སྦས་དོན་རབ་གསལ་ལས་གསུངས། པཎ་ཆེན་ཤཱཀྱ་མཆོག་གིས། མཚན་ཉིད་ནི། དེ་འདྲའི་བསམ་སྦྱོར་ཟུང་དུ་འཇུག་པའི་སྒྲུབ་པ་གང་ཞིག རང་འབྲས་བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ངེས་འབྱུང་སྒྲུབ་པ་

|; |@@@ | | }}

ངེས་འབྱུང་སྒྲུབ་པ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་གི་ཡིག་ཆར། རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་དག་སའི་རྣལ་འབྱོར་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡིན།

{{#arraymap:ངེས་འབྱུང་སྒྲུབ་པ་

|; |@@@ | | }}

ངེས་འབྱུང་སྒྲུབ་པ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། རང་གི་འབྲས་བུར་གྱུར་པའི་རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱུང་བའི་དག་སའི་ཡེ་ཤེེས་སུ་དམིགས་པ། ངེས་འབྱུང་སྒྲུབ་པའི་མཚན་ཉིད། གཉིས་པ་ནི། ཅིའི་ཕྱིར་ངེས་འབྱུང་སྒྲུབ་པ་ཞེས་བྱ་ཞེ་ན། རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་དབྱེ་ན། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ། མཉམ་པ་ཉིད་དུ་ངེས་འབྱུང་སྒྲུབ་པ། སེམས་ཅན་གྱི་དོན་བྱེད་པའི་ངེས་འབྱུང་སྒྲུབ་པ། འབད་མེད་ལྷུན་གྱིས་གྲུབ་པར་བྱེད་པའི་ངེས་འབྱུང་སྒྲུབ་པ། རྟག་ཆད་ཀྱི་མཐའ་ལས་འདས་པར་བྱེད་པའི་ངེས་འབྱུང་སྒྲུབ་པ། ཐེག་པ་གསུམ་ཀྱི་དོན་ཐོབ་པར་བྱེད་པའི་ངེས་འབྱུང་སྒྲུབ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་འབྱུང་སྒྲུབ་པ། ལམ་གྱི་ཡུལ་ཅན་དུ་ངེས་པར་འབྱུང་བའི་སྒྲུབ་པ་དང་བརྒྱད་ཡོད་དེ། ཆེད་དུ་བྱ་དང་མཉམ་ཉིད་དང། །སེམས་ཅན་དོན་དང་འབད་མེད་དང། །མཐའ་ལས་འདས་པར་ངེས་འབྱུང་དང་། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་གྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་གསུངས་པའི་ཕྱིར། ས་མཚམས། དག་པ་ས་གསུམ་གྱི་གནས་སྐབས་ཁོ་ན་ནས་གཞག་པར་བྱ་བ་ཡིན་ནོ། །

{{#arraymap:ངེས་འབྱུང་སྒྲུབ་པ་

|; |@@@ | | }}

ངེས་འབྱུང་སྒྲུབ་པ་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རྣམ་མཁྱེན་དུ་ངེས་པར་འབྱུང་བའི་དག་སའི་སེམས་དཔའི་རྣལ་འབྱོར་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡིན། དེ་དང་དག་སའི་ཡེ་ཤེས་དོན་གཅིག

{{#arraymap:ངེས་འབྱུང་སྒྲུབ་པ་

|; |@@@ | | }}

ངེས་འབྱུང་སྒྲུབ་པ་ (5)
Part of speech མིང་ཚིག
Definition དོན་བདུན་ཅུའི་ནང་ཚན་ཞིག ཚོགས་གཉིས་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས་རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱུང་བའི་སྒྲུབ་པ་ཞིག་ལ་ཟེར། དེ་ལྟར་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། སྐབས་འདིར་ངེས་འབྱུང་སྒྲུབ་པའི་མཐའ་དཔྱད་པ་ལ་གསུམ་ཡོད་དེ། ངོ་བོ། དབྱེ་བ། ས་མཚམས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱུང་བའི་དག་སའི་ཡེ་ཤེས་ཅིག་ལ་འཇོག་པའི་ཕྱིར། གཉིས་པ་དབྱེ་བ་ཡོད་དེ། ངེས་པར་འབྱུང་བའི་འབྱུང་ས་ལ་བརྒྱད་ཡོད་པའི་ཆ་ནས་ངེས་འབྱུང་སྒྲུབ་པའང་བརྒྱད་དུ་ཡོད་པའི་ཕྱིར། གསུམ་པ་ས་མཚམས་ཡོད་དེ། དག་པ་ས་གསུམ་ནས་འཇོག་པའི་ཕྱིར། ཞེས་གསུངས། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། །རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པར་བྱེད་པའི་དག་སའི་ཡེ་ཤེས། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡིན་བྱས་པ་ལ། ཁ་ཅིག རྣམ་མཁྱེན་གྱི་འབྲས་བུར་གྱུར་པའི་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན་དུ་བཟུང་ནས་འཕེན་པ་མི་འཐད་དེ། དེ་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར་ཏེ། སངས་རྒྱས་འཕགས་པའི་འབྲས་བུར་གྱུར་པའི་བྱང་སེམས་ཀྱིས་སངས་རྒྱས་འཕགས་པའི་གོ་འཕང་མངོན་དུ་བྱེད་པའི་ཕྱིར་རོ། །ཞེས་གསུངས།

{{#arraymap:ངེས་འབྱུང་སྒྲུབ་པ་

|; |@@@ | | }}

ངེས་འབྱུང་སྒྲུབ་པ་ (6)
Part of speech མིང་ཚིག
Definition རང་གི་ཉེར་འབྲས་རྣམ་མཁྱེན་དུ་ངེས་པར་འབྱིན་བྱེད་ཀྱི་རྒྱུན་མཐའི་ཡེ་ཤེས་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད། ཕར་ཕྱིན་མདོ་ལུགས་མ་ལས། ངེས་འབྱུང་བསྒྲུབ་པ་ནི། ལྷ་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་མཁྱེན་དུ་གནས་ཞེས་མདོ་ལས་བྱུང་བའི་ཕྱིར། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དཔུང་ཚོགས་བསགས་པས་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བའི་སྒྲུབ་པའི་མཚན་ཉིད། བྱང་སེའི་སྒྲུབ་པ་གང་ཞིག ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་དངོས་སུ་ངེས་པར་འབྱིན་པ། དབྱེ་ན་བརྒྱད་དོ། །རྒྱུན་མཐའ་བའི་རྒྱུད་ཀྱི་མཉམ་བཞག་ཡེ་ཤེས་ནི་མཚོན་བྱའོ། །སྒྲ་དོན་ནི། དཔེར་ན་ས་བཅུ་པ་བའི་རྒྱུད་ཀྱི་དད་པ་དེ་ཆེན་པོ་གསུམ་དུ་གདོན་མི་ཟ་བར་ངེས་པར་འབྱུང་བར་འགྱུར་བའི་སྒྲུབ་པ་ཡིན་པས་ཆེན་པོ་གསུམ་དུ་ངེས་པར་འབྱུང་བས་སོ། །ས་མཚམས་རྒྱུན་མཐའ་ཁོ་ནའོ། །མདོ་ལུགས་མ་ལས། སྒྲུབ་པ་འདི་ནི། སྐད་ཅིག་མའི་སྦྱོར་བའི་གནས་སྐབས་ཡིན་པས། ཞེས་དང་། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ངེས་པར་འབྱུང་བའི་ས་རྣམ་པ་བརྒྱད་དུ་ཡོད་པ་ཡིན་པས་དེར་འབྱུང་བྱེད་བརྒྱད་དོ། །འབྱུང་ས་བརྒྱད་གང་ན་ཞེས་དང་། མདོ་ལུགས་མ་ལས། དེ་ལ་ཆེ་བའི་ཡོན་ཏན་རྣམ་པ་བརྒྱད་ཀྱིས་བདག་ཉིད་ངེས་འབྱུང་སྒྲུབ་པ་ཡིན་པར་སྟོན་པ་འདི་ལྟ་སྟེ། ཆེད་དུ་བྱ་དང་མཉམ་ཉིད་དང་། ཞེས་པ་ནས་ངེས་པར་འབྱུང་བའི་ཆེད་དུ་བྱ་བ་ནི་ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་པ་ཆེན་པོ་ཞེས་པ་འདི་ཡིན་ནོ། །

{{#arraymap:ངེས་འབྱུང་སྒྲུབ་པ་

|; |@@@ | | }}