1539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་ཚང་ (1)
Part of speech མིང་ཚིག
Definition ཀིརྟི་རིན་པོ་ཆེ་ནི་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། རོང་པོ་ལྕེ་ནག་པའམ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱི་སྐྱེ་བརྒྱུད་ཡིན། ཁོང་གི་སྐུ་ཕྲེང་བརྩི་སྟངས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི། སྟོན་པའི་ཉན་ཐོས་དགྲ་བཅོམ་པ་ཉེ་བར་འཁོར་ནས་བརྩིས་ན་ད་ལྟའི་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་བར་སྐུ་ཕྲེང་ལྔ་བཅུ་ང་ལྔ་བྱོན། ཐུན་མོང་མ་ཡིན་པ་ནི་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་ནས་བརྩིས་པས་ད་བར་དུ་སྐུ་ཕྲེང་བཅུ་གཅིག་བྱོན། འདིའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཞེས་པར་གོ་ཚུལ་གཞན་ཡང་ཡོད་ཀྱང་སྐུ་ཕྲེང་གི་གྲངས་ལ་ཁྱད་པར་མེད། ཀིརྟི་ཞེས་པའི་མཚན་ཐོགས་ཚུལ་ནི། སྔ་མོའི་དུས་སུ་གུར་དྷི་དང་། འགིར་ཏི། གི་རྟི། གེར་དྷེ། གིདྷི། གུདྷི་ཞེས་འབྲི་ལུགས་སྣ་ཚོགས་བྱུང་ཡོད། གུར་དྷི་ཞེས་པ་དེ་ནི་ཚ་ཁོའི་བཞག་ཤོད་ཀྱི་སའི་ཆ་ཤས། ཚ་ཁོའི་ཀིརྟིའི་མ་དགོན་ཆགས་ས་གུར་དྷི་ཁོག་ཅེས་པའི་ལུང་པ་ཆུང་ངུ་ཞིག་ཡོད་པ་དེའི་ས་མིང་ཡིན་པ་རིམ་གྱིས་དགོན་པ་དང་བླ་མའི་མཚན་དུ་ཐོགས། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གི་སྐུ་དུས་ཡས་མས་ཙམ་ནས་ཀིརྟི་ཚང་ཞེས་པའི་མཚན་འབྲི་སྟངས་ཀྱི་དག་ཆ་ནི། སྔོན་རྗེ་ཙོང་ཁ་པས་རོང་ཆེན་དགེ་འདུན་རྒྱལ་མཚན་ལ་གནང་བའི་ལུང་བསྟན་དུ། དེ་འདྲའི་གནས་སུ་གྲགས་པའི་དགོན་སྡེ་ཅན། །ལེགས་པར་བཞེངས་ལ་བཤད་སྒྲུབ་བསྟན་པ་སྐྱོངས། །ཞེས་པའི་ལུང་བསྟན་ནང་གི་གྲགས་པ་ཞེས་པའི་ཚིག་གི་སྐད་དོད་ལེགས་སྦྱར་སྐད་ཀྱི་ཀིརྟི་ཞེས་པ་འདི་ཉིད་གཅིག་གྱུར་གྱིས་འབྲི་སྲོལ་དར།
Synonyms ཀིརྟི་རིན་པོ་ཆེ། ཀིརྟི་ཚང་། ཀིརྟི་སྤྲུལ་སྐུ། རོང་པོ་མཁས་གྲུབ་ཆེན་པོ། རོང་པོ་ཆོས་རྗེ། རོང་ཆེན་ཆོས་ཀྱི་རྒྱལ་པོ། རོང་ཆེན་བསྟན་པའི་ཉི་མ། རོང་ཆེན་བསྟན་པའི་སྒྲོན་མེ།

{{#arraymap:ཀིརྟི་ཚང་

|; |@@@ | | }}