1543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་གཉིས་པ་གྲུབ་དབང་བསྟན་པ་རིན་ཆེན་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་གཉིས་པ་གྲུབ་དབང་བསྟན་པ་རིན་ཆེན་མཆོག་ནི། རབ་བྱུང་བརྒྱད་པའི་ཤིང་རྟ། ཕྱི་ལོ་༡༤༧༤ ལོར་རྔ་སྨད་ཚོགས་གཉིས་སུ་ཡབ་དཀོན་མཆོག་སྐྱབས་དང་ཡུམ་སྐྱིད་དེ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ས་བྱ། ཕྱི་ལོ་ ༡༤༨༩ ལོར་དབུས་སུ་བྱོན་ནས་འབྲས་སྤུངས་སུ་སློབ་གཉེར་གནང་སྟེ་ལོ་འགར་བཞུགས། རྨེའུ་རུ་རབ་འབྱམས་པ་བྱམས་པ་དང་བ་སོ་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་མདུན་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་པས། མཚན་ལ་བསྟན་པ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དཀའ་བཅུའི་གྲྭ་སྐོར་དམ་བཅའ་འཇོག་གནང་མཛད། ས་སྐྱའི་བདག་ཆེན་གསང་སྔགས་ཆོས་ཀྱི་ཉི་མ་ཀུན་དགའ་རིན་ཆེན་གྱི་དྲུང་ནས་མགོན་པོ་གུར་ཞལ་གཉིས་གཙོ་བོར་གྱུར་པའི་བསྟན་སྲུང་མང་པོའི་གདམས་ངག་གསན། ཆུ་ཕག ཕྱི་ལོ་ ༡༥༠༣ ལོར་ཆོས་འཁོར་རྒྱལ་མེ་ཏོག་ཐང་དུ་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་མཇལ་སྐབས་མདོ་རོང་གི་ཡུལ་དུ་ཕེབས་པའི་དུས་ལ་བབས་ཞེས་བསྐུལ་མ་གནང་བ་བཞིན་དེའི་ཕྱི་ལོར་སྐུ་གོང་མའི་གདན་ས་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དུ་ཕྱག་ཕེབས། སྨད་ཕྱོགས་ནས་ཇོ་ནང་པའི་དགོན་པ་ཞིག་ཞྭ་སེར་དུ་བསྒྱུར་པས་རྐྱེན་བྱས་ཏེ། ཇོ་ནང་གཙང་པ་ལྷུན་འགྲུབ་རབ་བརྟན་གྱི་དཔུང་དམག་དྲུག་སྟོང་ལྷག་ཀཱ་ལ་རིའི་དགོན་པར་དྲངས་སྐབས། ཁོང་གིས་མགོན་པོའི་ལྷ་དམག་དངོས་སུ་བཏང་སྟེ་གཙང་དམག་བཟློག་པར་མཛད་པས་བླ་མ་ཧེ་རུ་ཀ་ཞེས་མཚན་སྙན་གྱི་གྲགས་པ་རྒྱས། རང་བྱུང་དགུ་པའི་ས་སྦྲུལ་ཕྱི་ལོ་ ༡༥༠༩ ལོར་རྒྱའི་གོང་མ་སི་ཀྱའི་ཏཱ་མིང་གིས་ཁོང་གི་སྙན་པ་ཐོས་ནས་གདན་དྲངས་ཀྱང༌མ་ཕེབས། ཏཱ་མིང་རྒྱལ་པོས་བླ་མ་གྲུབ་ཐོབ་སངས་རྒྱས་རིན་པོ་ཆེ་ཞེས་པའི་ཐམ་ག་ཕུལ། བཙན་ལྷ་དང་ཧོར་ཡུལ་སོགས་སུ་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། རང་ཡུལ་དུ་གཙུག་ལག་ཁང་མང་པོ་བཞེངས། མཐར་དགུང་ལོ་གྱ་ལྔ་བཞེས་པ། རབ་བྱུང་དགུ་པའི་ས་རྟ། ཕྱི་ལོ་ ༡༥༥༨ ལོར་གཟུགས་སྐུ་རགས་པའི་བཀོད་པ་བསྡུས།
Synonyms ཀིརྟི་བསྟན་པ་རིན་ཆེན། གྲུབ་དབང་བསྟན་པ་རིན་ཆེན། བསྟན་པ་རིན་ཆེན་ཆོས་ཀྱི་རྒྱལ་མཚན།

{{#arraymap:ཀིརྟི་སྐུ་ཕྲེང་གཉིས་པ་གྲུབ་དབང་བསྟན་པ་རིན་ཆེན་

|; |@@@ | | }}