1544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་མཆོག་ནི། རབ་བྱུང་དགུ་པའི་ཤིང་བྱི། ཕྱི་ལོ་ ༡༥༦༤ ལོར་མགོ་ལོག་ཨ་རིག་གསེར་མཛོད་ལུང་གི་ཨ་མྱེ་ཀེ་ཏུ་དམར་ཡག་གི་རི་མདུན་དཔལ་ཐང་ཞེས་པར་ཡབ་ཡོན་ཏན་དབང་ཕྱུག་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་ལྷག་ལྷ་མང་པོའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། སློབ་དཔོན་རྡོ་རྗེ་གྲགས་པ་དང༌། ཞབས་དྲུང་བསྟན་པ་གྲགས་པ་སོགས་ཀྱི་ཞལ་སྔ་ནས་རབ་བྱུང་གི་བསླབ་པ་མནོས་ཏེ། མཚན་ལ་བློ་བཟང་བསྟན་པ་རབ་རྒྱས་གསོལ། དབུས་སུ་སྔ་ཕྱི་ཐེངས་གསུམ་བྱོན་ཏེ་རྒྱལ་དབང་ལྔ་པ་ཆེན་པོའི་དྲུང་དུ་ཡུན་རིང་བཞུགས་པས་བླ་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། གཙང་དུ་བྱོན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དབུས་གཙང་ཕྱོགས་སུ་ཐན་པ་ཆེ་བས་རྒྱལ་དབང་ལྔ་པའི་བཀའ་ལྟར་ཀླུ་སྦུག་གི་མཚོར་ཉིན་དྲུག་རིང་བཞུགས་ནས་ཆར་བ་ཤུགས་ཆེན་ཕབ། ལོ་ཏོག་རྒྱས་པར་བྱུང་བས་དབུས་གཙང་གི་རྒྱལ་བློན་སྐྱེ་བོ་ཀུན་དད་པར་གྱུར་པས། རོང་པོ་ཤར་རྩེར་གྲགས་པའི་གཟིམ་ཁང་དང༌། རོང་པོ་ཆོས་རྗེ་ཞེས་པའི་མཚན་གནས་སོགས་གཞུང་ས་མཆོག་ནས་བདག་རྐྱེན་གཟེངས་བསྟོད་དུ་བསྩལ་པ་ནས་བཟུང་ཀིརྟི་སྐུ་ཕྲེང་རིམ་བྱོན་ལ་རོང་པོ་ཆོས་རྗེ་ཞེས་པའི་མཚན་གྲགས། ཆུ་སྟག ཕྱི་ལོ་ ༡༦༠༢ ལོར་སྟག་ཚང་ལྷ་མོར་ཕེབས་ཏེ་བདེ་མཆོག་གི་གནས་སྒོ་ཕྱེས་ཤིང་གནས་བདག་དམ་ལ་བཏགས། གནས་ཆེན་གཤག་རལ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐེད་ཕུར་གཏེར་ནས་བཞེས། བཙན་ལྷ་རྒྱལ་པོས་ཀྭ་ཏོ་དུང་མཁར་དུ་གདན་ཞུས་ཀྱིས་གྲོང་པ་ཁྲི་ཁྱིམ་ལྷ་འབངས་སུ་ཕུལ་པས་ལུགས་གཉིས་ཀྱི་མངའ་ཐང་གོང་དུ་འཕེལ། རི་བོ་རྩེ་ལྔར་བྱོན་ཏེ་གྲུབ་རྟགས་དང་མངོན་མཁྱེན་མཐའ་ཡས་པ་ མཛད་པ་རྒྱའི་གོང་མ་རྒྱལ་པོས་གསན་ནས་ཕོ་བྲང་དུ་གདན་དྲངས་ཏེ། བླ་མ་ཐུགས་རྗེ་ཆེན་པོ་འགྲན་མེད་སེངྒེ་ཞེས་པའི་ལུང་དང་ཐམ་ག་ཕུལ། མཐར་དགུང་ལོ་བརྒྱད་ཅུ་བཞེས་པ། རབ་བྱུང་བཅུ་གཅིག་པའི་ཆུ་ལུག ཕྱི་ལོ་ ༡༦༤༣ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། (འདི་པའི་འཁྲུངས་འདས་སོགས་ཀྱི་ལོ་ཚིགས་ལ་དཔྱད་གཞི་ཡོད། )
Synonyms ཀིརྟི་བསྟན་པ་རབ་རྒྱས། འགྲོ་མགོན་བསྟན་པ་རབ་རྒྱས། བློ་བཟང་བསྟན་པ་རབ་རྒྱས།

{{#arraymap:ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་

|; |@@@ | | }}