1548

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག ཕྱི་ལོ། ༡༧༧༢ ལོར་མདོ་སྨད་རེབ་གོང་བསེ་ཆུ་མར་ཡབ་ངག་དབང་རབ་བརྟན་དང༌། ཡུམ་སྙིང་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མདོ་དབུས་ཀྱི་བླ་ལྷ་མང་པོའི་ལུང་བརྟག་གཅིག་མཐུན་གྱིས་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་མེ་སྤྲེལ། ཕྱི་ལོ་ ༡༧༧༦ ལོར་གདན་ས་སྟག་ཚང་དཔལ་གྱི་ལྷ་མོར་ཁྲི་འདོན་མཛད། གཡེར་གཤོང་སྤྲུལ་པའི་སྐུ་དགེ་འདུན་ཟླ་གྲགས་ཀྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་སྡོམ་རིམ་པར་བཞེས། མཛོད་དགེ་རི་ཁྲོད་དབང་པོ་དང་ཨང་སྨོན་སྤྲུལ་པའི་སྐུ་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། ཀུན་མཁྱེན་འཇིགས་མེད་དབང་པོ་དག་ཞིང་དུ་གཤེགས་པའི་དགོངས་རྫོགས་སུ་གདན་དྲངས་པ་ལྟར་ཕེབས། གདན་ས་སྟག་ཚང་དཔལ་གྱི་ལྷ་མོར་འདུ་ཁང་བཞེངས་ཤིང་འདུས་མང་གི་འགྲིག་ལམ་ཀུན་སྤྱོད་དང་འཆད་ཉན་སོགས་སྔར་ལྷག་ཇེ་རྒྱས་སུ་མཛད། དགུང་ལོ་ཉེར་ལྔ་པ་བཞེས་པ། རབ་བྱུང་བཅུ་གསུམ་པའི་མེ་འབྲུག། ཕྱི་ལོ་ ༡༧༩༦ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།

{{#arraymap:ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་

|; |@@@ | | }}