1551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་མཆོག་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་མཆོག་ནི། སྟག་ཚང་ལྷ་མོའི་ཉེ་འདབས་ཚ་ཁོག་ཅེས་པར་ཡབ་བཟོད་པ་དང༌། ཡུམ་སྐུ་གོང་མའི་སྐུ་སྲིང་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ། ཕྱི་ལོ་ ༡༧༩༧ ལོར་སྐུ་བལྟམས། གཡེར་གཤོང་དགེ་འདུན་ཟླ་གྲགས་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་ མཚན་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་ཞེས་གསོལ། གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱིས་ཀིརྟི་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་ལྟར། ཤིང་བྱི། ཕྱི་ལོ་ ༡༨༠༤ ལོར་གདན་ས་སྟག་ཚང་དཔལ་གྱི་ལྷ་མོར་ཁྲི་འདོན་མཛད། དེའི་ཕྱི་ལོར་ཚ་ཁོ་ཀིརྟིའི་མ་དགོན་དུ་ཕྱག་ཕེབས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་དང་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱི་ཞལ་སྔ་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། མེ་བྱི། ཕྱི་ལོ་ ༡༨༡༦ ལོར་དབུས་སུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་ རྫོགས་ཀྱི་སྡོམ་པ་བཞེས་ཤིང༌། ཁོང་གིས་ཆེན་པོར་འོས་པའི་གཟེངས་བསྟོད་བཀའ་ཤོག་དང་གདུགས་རྟ་དར་སོགས་གསོལ་བསྩལ་གནང༌། འདི་ནས་བཟུང་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་བླ་ཆེན་གྱི་ཚུགས་འཛིན་པའི་སྲོལ་བྱུང་། ས་སྟག ཕྱི་ལོ་ ༡༨༡༨ ལོར་གདན་ས་སྟག་ཚང་ལྷ་མོར་མཚན་ཉིད་གྲྭ་ཚང་བློ་གསལ་གླིང་གསར་འཛུགས་མཛད། ཆུ་ལུག ཕྱི་ལོ་ ༡༨༢༣ ལོར་ཧོར་གཙང་ཀིརྟིའི་དགོན་བཀྲ་ཤིས་བསམ་གཏན་གླིང་། ཕྱིས་སུ་དགེ་ལྡན་བསྟན་འཕེལ་གླིང་ཞེས་མཚན་བསྒྱུར། གསར་འདེབས་མཛད། མེ་ཁྱི། ཕྱི་ལོ་ ༡༨༢༦ ལོ་ནས་སྟག་ཚང་ལྷ་མོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་བཞེངས་པ་ལོ་ལྔའི་ནང་གྲུབ། ཤིང་འབྲུག ཕྱི་ལོ་ ༡༨༤༤ ལོར་གདན་ས་སྟག་ཚང་ལྷ་མོར་ལྷ་རམས་དམ་བཅའི་སྲོལ་གསར་འཛུགས་མཛད། སྐུ་ཚེ་ཧྲིལ་པོར་གུང་ཚིགས་ཆག་མེད་མཛད་པ་སོགས་སྡོམ་གསུམ་དག་པ་ཉམས་ལེན་གྱི་མཐིལ་དུ་བཟུང་ཞིང་ལམ་རིམ་ཆུང་ངུ་རྒྱུན་སྐྱོར་གནང་བ་སོགས་ལྟ་གྲུབ་གཙང་བ་གཙོ་བོར་གནང་། མཐར་དགུང་ལོ་ལྔ་བཅུ་ང་གཉིས་བཞེས་པ། རབ་བྱུང་བཅུ་བཞི་པའི་ས་སྤྲེལ། ཕྱི་ལོ་ ༡༨༤༨ ལོར་ཐེ་རོང་ཡག་བཟང་ནང་ཟེར་བའི་སར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།
Synonyms སྐྱབས་མཆོག་ཐུབ་བསྟན་ཉི་མ། ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ།

{{#arraymap:ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་མཆོག་

|; |@@@ | | }}