1552

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་བཞི་པ་ཐོགས་མེད་བློ་བཟང་འཇམ་དབྱངས་མཆོག་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཞི་པ་ཐོགས་མེད་བློ་བཟང་འཇམ་དབྱངས་མཆོག་ནི། རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ། ཕྱི་ལོ་ ༡༦༥༦ ལོར་ཚ་ཁོའི་ཀིརྟིའི་མ་དགོན་དང་ཧ་ཅང་ཐག་མི་རིང་བའི་པཱ་ལ་ཞེས་པའི་སར་ཡབ་འབུམ་ཐར་དང༌། ཡུམ་མེ་འགྱུ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ཆེན་པོ་དང༌། པཎ་ཆེན་བློ་བཟང་ཡེ་ཤེས། གནས་ཆུང་ཆོས་སྐྱོང་སོགས་བླ་ལྷ་རྣམས་དགོངས་པ་གཅིག་མཐུན་གྱིས་གྲུབ་དབང་བསྟན་པ་རབ་རྒྱས་ཀྱི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད། དགུང་ལོ་ཉེར་དྲུག་བཞེས་པ། ལྕགས་བྱ། ཕྱི་ལོ་ ༡༦༨༡ ལོར་དབུས་ཕྱོགས་སུ་ཕེབས། གོང་ས་ལྔ་པ་ཆེན་པོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ལ་བསྙེན་བཀུར་མཛད་ཅིང་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ཞེས་པའི་མཚན་གསོལ། གཞུང་ས་མཆོག་ནས་ཐུབ་དབང་གི་སྣང་བརྙན་ཁྱད་འཕགས་ཀྱིས་གཙོས་གནང་བྱིན་གྱ་ནོམ་པས་གཟེངས་བསྟོད། སླར་རང་ཡུལ་དུ་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། གནམ་ལྕགས་བབས་པ་ཕྱག་གིས་བཞེས་ཤིང་འདྲེ་གདོན་མི་སྲུན་པ་རྣམས་དམ་ལ་བཏགས་ནས་ འགྲོ་བ་མང་པོར་མི་འཇིགས་པའི་སྐྱབས་སྦྱིན་བསྩལ། ལྕགས་རྟ། ཕྱི་ལོ་ ༡༦༩༠ ལོར་རང་དགོན་དུ་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་པའི་གཙུག་ལག་ཁང་བཞེངས། མཐར་དགུང་ལོ་ང་གསུམ་བཞེས་པ། རབ་བྱུང་བཅུ་གཉིས་པའི་ས་བྱི། ཕྱི་ལོ་ ༡༧༠༨ ལོར་ཐུགས་ཟག་མེད་ཡེ་ཤེས་ཀྱི་ཀློང་དུ་ཐིམ་ཚུལ་བསྟན།
Synonyms ཐོགས་མེད་བློ་བཟང་འཇམ་དབྱངས། བློ་བཟང་འཇམ་དབྱངས་རྒྱ་མཚོ།

{{#arraymap:ཀིརྟི་སྐུ་ཕྲེང་བཞི་པ་ཐོགས་མེད་བློ་བཟང་འཇམ་དབྱངས་མཆོག་

|; |@@@ | | }}