15600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་ཤེས་ལྷ་རམས་པ་དོན་གྲུབ་ཆོས་གྲགས་ (1)
Part of speech མིང་ཚིག
Definition སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ངོ་ཤེས་སྡེ་བར་ཡབ་པདྨ་ཚེ་བརྟན་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་པའི་ལོ་ཚིགས་མི་གསལ། ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་ལས་རབ་ཏུ་བྱུང། ཡང་ཀྱཱ་རབ་འབྱམས་པ་བློ་བཟང་དོན་གྲུབ་བསྟེན། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་བྱང་ཆུབ། བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་དུ་ཞུགས། ཚད་མ་རྣམ་འགྲེལ་ལ་རིགས་ལུང་གིས་བརྡར་ཤ་ཆོད་མཛད། ཤིང་བཟའ་རྡོ་རྗེ་འཆང་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དབུས་གཙང་ཕྱོགས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚངདུ་ཞུགས། བཤེས་གཉེན་མང་པོ་བསྟེན། པོ་ཏི་ཕྱི་མ་བཞིའི་དཀའ་གནད་ལ་ཐོས་བསམ་མཛད། ལྷ་རམས་པའི་མིང་བཏགས་བཞེས། རྒྱལ་སྲས་བློ་བཟང་ངག་དབང་ཐོགས་མེད་བསྟན་འཛིན་རྒྱ་མཚོའི་ལས་བསྙེན་པར་རྫོགས། སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་ཆེན་ལམ་གྱི་རིམ་པ་ལ་སྦྱངས། སྐུ་འབུམ་དུ་ཕེབས། རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ཕྱི་ལོ ༡༨༩༢ ལོར་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། གྲྭ་ཚང་ཚུལ་བཞིན་བསྐྱངས། སྨན་པ་བླ་བྲང་གསར་བཞེངས་མཛད། འདས་ལོ་མི་གསལ། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ང་དགུ་པ་ཡིན།

{{#arraymap:ངོ་ཤེས་ལྷ་རམས་པ་དོན་གྲུབ་ཆོས་གྲགས་

|; |@@@ | | }}