1561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིལ་སྣ་རྟོགས་ལྡན་གཞོན་ནུ་འབྱུང་གནས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཕུག་པའི་དངོས་སློབ་སྟེ། སྐུ་འཁྲུངས་ཡུལ། རྩི་རྒྱུད་ཀོ་མཛོ་དང་ཉེ་བའི་སར་ཡབ་མགྲོན་རྡོག་རྒྱལ་བ་ཡེ་ ཤེས་དང་ཡུམ་བོ་ལྕོགས་གཉིས་ཀྱི་སྲས་སུ་ཆུ་སྟག་ལ་སྐུ་བལྟམས། ཕུག་པ་རིན་པོ་ཆེའི་མདུན་དུ་རབ་ཏུ་བྱུང་བའི་མཚན་གཞོན་ནུ་འབྱུང་གནས། མདོ་སྔགས་ཀྱི་ཆོས་ཚུལ་རྣམས་དང༌། བླ་མེད་ཀྱི་ཐབས་གྲོལ་གདམས་པ་ཡོངས་སུ་རྫོགས་པར་གསན། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་ཐོབ། ཡིག་དྲུག་དུང་ཕྱུར་དྲུག་འགྲུབ། བྲག་མགོ་ནས་ཕར་ཚུར་འཕུར་བ་སོགས་མཛད། ཀིལ་སྣ་(སྐུ་འབུམ་དགོན་གྱི་བྱང་ཕྱོགས་སུ་རྒིས་སྣའི་བྲག་ཟེར་བ་དེར་ཆགས་ཤུལ་ཡོད། ཡུལ་མི་རྣམས་ཀྱིས་ད་ལྟ་ཡང་རྒིས་སྣའི་བྲག་ཟེར་ནས་མིང་མ་ཉམས་པར་ཡོད)དེ་ཉིད་དུ་གདན་ས་བསྐྱང་ཞིང་རྟོགས་ལྡན་རིན་པོ་ཆེ་ཞེས་པའི་མཚན་སྙན་ཕྱོགས་མཐར་ཁྱབ། དགུང་གྲངས་བདུན་ཅུ་ལ་མྱ་ངན་ལས་འདས། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། ཞུགས་ལ་ཕུལ་ཚེ་ལྷ་ཀླུ་མི་ཡི་མཆོད་པ་ཕུལ། རྟེན་རིང་བསྲེལ་དུང་གཡས་འཁྱིལ་སོགས་བྱོན། སློབ་མ་ཡང་རི་པ་བརྩོན་འགྲུས་འབྱུང་གནས་དང་སོ་རག་སེང་གེ་འབུམ་པ་སོགས་བྱོན། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་ཀིལ་སྣ་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།

{{#arraymap:ཀིལ་སྣ་རྟོགས་ལྡན་གཞོན་ནུ་འབྱུང་གནས་

|; |@@@ | | }}