15975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་ལ་མ་ (1)
Part of speech མིང་ཚིག
Definition མཚལ་རིགས་ཤིག་སྟེ། འདིའི་ངོས་འཛིན་ཐད་མཁས་དབང་སོ་སོའི་བཞེད་ཚུལ་མི་འདྲ་བ་ཅུང་མཆིས་ཀྱང་རྒྱུན་མཁོའི་བོད་སྨན་དུ་སྤྱོད་པ་ནི། དབྱིབས་དང་ཆེ་ཆུང་གཅིག་ཏུ་མ་ངེས་ཀྱང་སུལ་རིས་གཞུང་ལ་གཤིབ་པ་སྟེང་འོག་ནས་བཅད་པ་འདྲ་བ། ངོ་བོ་ལྕི་ལ་ཁྲོབ་པ། བཏུལ་སླ་ཞིང་སེན་མོས་བསྣུར་ཐུབ་པ། ཁ་དོག་དམར་ལ་སྨུག་ཤས་ཅན། འོད་ལ་གང་གཏད་ཀྱི་ངོས་དེ་ནས་དངུལ་འོད་འཕྲོ་བ། བཟོ་བླུགས་བྱས་པས་སྔར་བཞིན་ཉམས་མེད་དུ་གནས་པ་ཞིག་སྟེ། རྒྱ་དཀར་ནག་གི་མཚལ་ཅོག་ལ་མ་ཞེས། རང་བྱུང་གི་མཚལ་རྒྱ་ཁབ་གཤིབས་པ་འདྲ་བ་རྟགས་སུ་རྡོ་རྩི་གཞན་འབྱར་ནས་འོང་བ་དེ་ཡིན། རོ་མངར་བསྐ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་རྟུལ་བས་ཀླད་སྐྱོན་རྩ་ནད་སེལ་ཞིང༌། ལྷ་བ་མི་བྱེར་བར་འཛིན་པ་དང༌། རུས་པ་གས་ཆག་བྱུང་བ་གསོ། དུག་ནད་འཇོམས་ཤིང༌། རྨ་དང༌། གློ་ཚད། མཆིན་ཚད་སོགས་སེལ་བར་བྱེད།
Synonyms ཅུའུ་གཤག

{{#arraymap:ཅོག་ལ་མ་

|; |@@@ | | }}