16129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༧༤༠ ལོར་སོག་པོ་དར་ཚོ་ཆེན་པོ་ཁོ་ཨོ་ཆ་གན་དུ་ཡབ་ཚེ་མགོན་རྒྱལ་དང་། ཡུམ་བློ་བཟང་ཉི་མ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་སྐུ་གཤེགས། བདུན་པར་ཨ་ཁུ་དགེ་ཚུལ་གྱི་མདུན་ནས་སོག་ཡིག་དང་་། བོད་ཡིག གཟབ་གཤར་སོགས་སྦྱངས། ཆས་པ་བློ་བཟང་འཕྲིན་ལས་ཀྱི་མདུན་ནས་རབ་ཏུ་བྱུང། དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་ལ་བློ་བཟང་ཚུལ་ཁྲིམས་གསོལ། གཞན་ཕན་བྱང་ཆུབ་གླིང་གི་དགོན་པར་ཞུགས། ཨ་ཆི་ནོ་མིན་ཧན་བློ་བཟང་བསྟན་འཛིན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བཅུ་བདུན་པར་མཚོ་བདུན་དགོན་དུ་ཕེབས། ཤེས་རབ་རབ་འབྱམས་པ་ལས་བོད་སོག་སྒྲ་སྒྱུར་གྱི་ཡོན་ཏན་རགས་ཙམ་གསན། ཉི་ཤུ་བར་མཚོ་བདུན་དགོན་དུ་ཐེངས་གཉིས་པ་ཕེབས། ཁྲི་ཆེན་བློ་བཟང་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། ཉེར་གསུམ་པར་པེ་ཅིན་ཡུང་ཧུའུ་གུང་དུ་སློབ་དཔོན་དུ་བསྟེན། གཞུང་ལུགས་མང་པོར་ཐོས་བསམ་མཛད། ཡུང་དགོན་དུ་ལོ་བདུན་ཙམ་བཞུགས། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། དགའ་ལྡན་ཁྲི་ཆེན་ངག་དབང་ཚུལ་ཁྲིམས། པག་ཤི་བླ་མ་ངག་དབང་དཔལ་ལྡན། རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་སོགས་བླ་མ་མང་པོ་བསྟེན། རིག་པའི་གནས་ཀུན་ལ་སྦྱངས། ཉེར་དགུ་བར་རང་ཡུལ་དུ་ཕེབས། སུམ་ཅུ་བར་མཚོ་བདུན་དུ་ཕེབས། ཨོད་ཉིད་གུ་ཤྲཱི་རིན་པོ་ཆེའི་མདུན་ནས་སྔགས་ཕྱོགས་ཀྱི་ཆོས་སྐོར་གསན། སོ་དགུ་བར་ས་སྐྱ་ལེགས་བཤད་རྩ་འགྲེལ་སོག་ཡིག་ཏུ་བསྒྱུར། ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེར་མཇལ་དུ་རྒྱ་ནག་ཏུ་ཕེབས། ཞེ་གཉིས་པར་པཎ་ཆེན་གྱི་གསང་རྣམ་གསང་བའི་ལུང་ཞེས་པ་སོག་ཡིག་ཏུ་བསྒྱུར། ཞེ་བརྒྱད་པར་དགའ་ལྡན་ཆོས་འཛིན་གླིང་བཏབ། ང་དྲུག་ནས་རེ་གཅིག་བར་ལོ་ངོ་དྲུག་གི་རིང་དུ་ལམ་རིམ་གསལ་འབྱེད་ཀྱི་མན་ངག་དངོས་གྲུབ་ཀུན་འབྱུང་དང་། ཕར་ཕྱིན་འགྲེལ་བ། བསྟན་བཅོས་མུན་སེལ་སྒྲོན་མེ། རྩིས་ཀྱི་བསྟན་བཅོས་སོགས་བརྩམས། རེ་གསུམ་པར་ཨ་ཀྱཱ་མཆོག་སྤྲུལ་གྱི་བཀའ་ལྟར་སོག་ཡིག་ཏུ་བརྩམས་པའི་རྗེའི་རྣམ་ཐར་ཆེན་མོ་བོད་ཡིག་ཏུ་བསྒྱུར། གསུང་རྩོམ་ནི་རྣམ་ཐར། གཞུང་འགྲེལ། ལམ་རིམ་གྱི་འགྲེལ་བ། བཅའ་ཡིག གསོ་རིག་གི་སྐོར། བརྡ་སྤྲོད། རྩིས་སོགས་པོ་ཏི་བཅུ་གཅིག་ཏུ་བཞུགས།

{{#arraymap:ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་

|; |@@@ | | }}