16183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆགས་པ་ཆོས་འཕེལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བདུན་པའི་སྨད་དུ་གཙང་ཕུན་ཚོགས་གླིང་གི་བཀྲ་ཤིས་འཛོམས་པར་ཡབ་གྲོང་པ་རབ་བརྟན་གྱི་སྲས་སུ་འཁྲུངས། ཆུང་དུས་ཀྱི་མིང་ལ་ནོར་བུ་རབ་བརྟན་ཞེས་ཞུ། བཅུ་གསུམ་པར་ཕུན་ཚོགས་གླིང་དུ་ཞུགས། དབུ་མ་འཇུག་པ་དང་། མཛོད་རྩ། དབུ་མ་ཐེག་ཆེན་གྲུ་རྫིངས། ཕར་ཕྱིན་བློ་བཟང་དགོངས་རྒྱན་བཅས་ལ་ཐོས་བསམ་མཛད། སློབ་དཔོན་གྱིས་ཁོང་གི་མིང་ལ་ཚོགས་གཉིས་རྒྱ་མཚོ་ཞེས་གསོལ། སློབ་དཔོན་པདྨས་ལུང་བསྟན་གྱི་ཚུལ་དུ་ཁྱོད་ཀྱི་མིང་ལ་ཆགས་པ་ཆོས་འཕེལ་ཐོགས་གསུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་སར་ཆེད་འགུགས་གནང། རྒྱལ་དབང་ལྔ་བར་རྒྱུགས་འབུལ་ཞུས། སྡེ་སྲིད་ཀྱིས་གསོ་རིག་ལ་བསླབ་དགོས་པའི་བཀའ་གནང་སྟེ། ཟླ་བ་ལྔའི་རིང་རྒྱུད་བཞི་ཆ་ཚང་ཐུགས་འཛིན་གནང་། རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ་ ༡༦༨༨ ལོར་རྒྱུད་བཞི་རྒྱུགས་འབུལ་མཛད། སྡེ་སྲིད་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས། སྐད་ཅིག་རྒྱུད་འབྲེལ་ཟུང་འཇུག་ཏུ། །ཁོང་ཆུད་དོན་རྣམས་མི་གཡེལ་བ། །ལམ་འདིའི་ཐོག་མ་སྣོད་ལྡན་པ། །གཞོན་ནུ་ཆགས་པ་ཆོས་རྣམས་འཕེལ། །ཞེས་པའི་གཟེངས་བསྟོད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོག་ཏུ་གྱུར་པའི་སློབ་མ་ཡིན།
Synonyms ཚོགས་གཉིས་རྒྱ་མཚོ།

{{#arraymap:ཆགས་པ་ཆོས་འཕེལ་

|; |@@@ | | }}