16311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆད་ (1)
Part of speech རྒྱན་ཚིག
Definition མ་ཚང་བའམ་ལུས་པའི་དོན་ཏེ།
Example དེང་སང་ཆད་ལྷག་མེད་སའི་དཔེ་ཆ་ཧ་ཅང་དཀོན་ལྟ་བུ།
Antonyms ལྷག

{{#arraymap:ཆད་

|; |@@@ | | }}

ཆད་ (1)
Part of speech གྲོགས་ཚིག
Definition མིང་གི་མཐར་སྦྱར་ན་དུས་སྔ་ཕྱི་དང་ས་ཁོངས་ངེས་ཅན་སྟོན་བྱེད་དུ་འཇུག་སྟེ།
Example ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ལྟར་དགོས། རྨ་ཆུ་འོག་མའི་ལྕགས་ཀྱི་གླིང་རུ་ཚུན་ཆད་བོད་ཀྱི་ས་ཡིན་ལྟ་བུ།

{{#arraymap:ཆད་

|; |@@@ | | }}

ཆད་ (1)
Part of speech མིང་ཚིག
Definition གྲོས་མོལ་སྐབས་ཕན་ཚུན་གྱི་བར་དུ་གཏན་ཁེལ་བྱས་ཤིང་ཕྱོགས་གཉིས་ཀས་བརྩི་དགོས་པའི་དོན་ཚན་གྱི་མིང་སྟེ།
Example ཕྱོགས་གཉིས་ཀས་ཆད་དོན་ལག་ལེན་ལ་འདེབས་རྒྱུར་མོས་མཐུན་བྱུང་ལྟ་བུ།

{{#arraymap:ཆད་

|; |@@@ | | }}

ཆད་ (1)
Part of speech བྱ་ཚིག
Definition རྒྱུན་དང་འཕྲོ་མེད་པར་གྱུར་པ་སོགས་ཀྱི་དོན་ཅན་གྱི་འཆད་ཀྱི་འདས་པ།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Antonyms མཐུད།
Future [འཆད།]
Present [འཆད།]
Past [ཆད།]
Imperative [ཆོད།]

{{#arraymap:ཆད་

|; |@@@ | | }}

ཆད་ (2)
Part of speech བྱ་ཚིག
Definition གཞི་གཅིག་ལས་དུ་མར་གྱེས་པའམ་མཆེད་པའི་དོན་ཏེ།
Keyword True
Example ལྡོང་གི་རུས་རྒྱུད་ལས་ཤུལ་ཆེན་བཅོ་བརྒྱད་ཆད་ལྟ་བུ།
Verb Form གཟུགས་མི་འགྱུར་བ།

{{#arraymap:ཆད་

|; |@@@ | | }}